དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཀེན་ཐིན་གྱི་ཁེ་ལས་ཀྱིས་མི་དམངས་ཤོག་སྒོར་གྱི་རྩིས་ཁྲས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པའི་རེ་སྒུག་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཀྲུང་དབྱིས།   |     སྤེལ་དུས།  2023-07-18

    ཉེ་ཆར་ཨ་ཀེན་ཐིན་ཀྲུང་དབྱང་དངུལ་ཁང་གིས་རྒྱལ་ཁབ་དེའི་དངུལ་རྩའི་སྒྲིག་གཞིར་མི་དམངས་ཤོག་སྒོར་གྱི་རྩིས་ཁྲ་བཟོ་ཆོག་པའི་ཁྱབ་བསྒྲགས་བྱས་རྗེས། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་ཨ་ཀེན་ཐིན་གྱི་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ནས་གླེང་མང་བའི་སྐད་ཆར་གྱུར་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། ཨ་ཀེན་ཐིན་གྱི་ཁེ་ལས་ལས་རིགས་ཀྱིས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་དགའ་བསུ་ཞུ་བ་མ་ཟད། ཀྲུང་གོར་ཕྱོགས་པའི་ཚོང་དོན་དང་མ་དངུལ་བསྡུ་སྒྲིལ་གྱི་ཐད་མི་དམངས་ཤོག་སྒོར་གྱི་རྩིས་ཁྲས་དེ་བས་སྟབས་བདེ་བསྐྲུན་ནས་ཁེ་ལས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།

    ཉིན་ཤས་གོང་ཀྲུང་གོ་བཟོ་ཚོང་དངུལ་ཁང(ཨ་ཀེན་ཐིན)མ་རྐང་ཚད་ཡོད་ཀུང་སིའི་པུ་དབྱི་ནོ་སི་ཨེ་རི་སིར་ཡོད་པའི་སྤྱི་ཁྱབ་ཁང་ནས་དངུལ་ཁང་དེའི་མི་དམངས་ཤོག་སྒོར་གྱི་རྩིས་ཁྲའི་ཚོང་ཤག་དང་པོ་ཨ་ཀེན་ཐིན་ལིས་ཐོན་ཁུངས་གསར་སྤེལ་ཁེ་ལས་ལིས་ལས་རིགས་ཁོ་སི་ཀུང་སིའི་སྲིད་འཛིན་སྤྱི་ཁྱབ་ལྟ་ཞིབ་པ་ཐོ་མར་སི·ཏེ་པ་པོ་ལོ་སིས་ཀུང་སིའི་མི་དམངས་ཤོག་སྒོར་གྱི་རྩིས་ཁྲའི་འགྲོ་ལུགས་གཉེར་བ་གསར་འགོད་པས་མཐོང་བྱུང་།

    “ཨ་ཀེན་ཐིན་ཀུང་སིས་ད་ཆ་མི་དམངས་ཤོག་སྒོར་ལ་བརྟེན་ནས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཚོང་ཟོག་རྩིས་རྒྱག་ཆོག་གི་ཡོད། ང་ཚོས་མི་དམངས་ཤོག་སྒོར་གྱི་རྩིས་ཁྲ་བཟོ་ཆོག་པ་ཤེས་འཕྲལ་དངུལ་ཁང་དུ་སྐད་ཆ་འདྲི་བར་ཡོང་བ་ཡིན། གང་ལགས་ཤེ་ན། མི་དམངས་ཤོག་སྒོར་གྱི་རྩིས་ཁྲས་ང་ཚོའི་ནང་འདྲེན་དང་མ་དངུལ་བསྡུ་སྒྲིལ་གྱི་ཐད་སྔར་བས་སྟབས་བདེ་སྐྲུན་པ་མ་ཟད་ང་ཚོའི་རྣམ་གྲངས་གསར་སྤེལ་གྱི་མྱུར་ཚད་མགྱོགས་སུ་འགྲོ་ཐུབ་པས་རེད”ཅེས་ཏེ་པ་པོ་ལོ་སིས་བཤད།

    ཟླ་7ཚེས་11ཉིན་གསར་འགོད་པར་བཟོ་ཚོང་དངུལ་ཁང་ཨ་ཀེན་ཐིན་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ལིས་ལས་རིགས་ཁོ་སི་ཀུང་སིའི་མི་དམངས་ཤོག་སྒོར་གྱི་རྩིས་ཁྲའི་འགྲོ་ལུགས་གཉེར་ཟིན་ནས་དངུལ་ཁང་དེས་གཉེར་བའི་མི་དམངས་ཤོག་སྒོར་གྱི་རྩིས་ཁྲ་དང་པོར་གྱུར་ཡོད་པ་རེད།

    ཟླ་7ཚེས་12ཉིན་ཨ་ཀེན་ཐིན་གྱི་དཔལ་འབྱོར་རིག་པ་མཁས་ཅན་ཀྲུང་དབྱང་དངུལ་ཁང་གི་དེ་སྔའི་ཧང་ཀྲང་ཡཱ་ལི་ཧང་ཏེ་ལོ·ཝ་ནོ་ལིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བརྙན་ལམ་བཅར་འདྲི་དང་ལེན་བྱེད་སྐབས། ཨ་ཀེན་ཐིན་གྱི་ཁེ་ལས་ཀྱིས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་དགའ་བསུ་ཞུ། གང་ལགས་ཤེ་ན། ཀྲུང་གོ་ནི་ཨ་ཀེན་ཐིན་གྱི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ཀྲུང་གོའི་ཁེ་ལས་མང་པོ་ཞིག་གིས་ཨ་ཀེན་ཐིན་དུ་མ་དངུལ་བཏང་བ་དང་སྐྲུན་འགན་འཁུར་བའི་རྣམ་གྲངས་མང་པོ་ཡོད་པས་རེད། མི་དམངས་ཤོག་སྒོར་སྤྱོད་པ་དེས་དཔལ་འབྱོར་བྱེད་སྒོ་དེ་དག་སྒྲུབ་སྐབས་དངུལ་ལོར་གཞན་ལ་རྟེན་རྒྱུ་སྔར་བས་ཉུང་དུ་འགྲོ་བ་དང་ཉོ་ཚོང་གི་མ་གནས་དམའ་རུ་ཕྱིན་ནས། ཕྱིར་གཏོང་ནང་འདྲེན་དང་མ་དངུལ་དང་མ་དངུལ་བསྡུ་སྒྲིལ་གྱི་ཁྱབ་ཁོངས་འཕེལ་རྒྱས་འགྲོ་བར་ཨ་ཀྲུང་གི་ཁེ་ལས་ལ་གོ་སྐབས་དེ་བས་མང་བ་ཐོབ་སྲིད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།