དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ(ཀྲུའུ་ཞིའི་ཚོགས་འདུ)དང་ལས་ཁུངས་ཏང་ཙུའུ(ཆེད་དོན་ཨུ་ལྷན་ཡན་ལག་ཏང་ཙུའུ)ཡིས།

    བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉེ་ཆར་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ(ཀྲུའུ་ཞིའི་ཚོགས་འདུ)དང་ལས་ཁུངས་ཏང་ཙུའུ(ཆེད་དོན་ཨུ་ལྷན་ཡན་ལག་ཏང་ཙུའུ)ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། བློ་མཐུན་27གྱིས་བརྟག་ཞིབ་དང་གྲུབ་འབྲས་གཞན་སྒྱུར་གནས་ཚུལ་ཐད་ས་ཆ་དངོས་ཀྱི་སྤེལ་རེས་སམ་ཡང་ན་ཡིག་ཐོག་སྙན་སེང་ཞུས་པ་རེད།

    ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད།

    ཚོཌ་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུཌ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་ཁ་ཕྱོགས་གསལ་སྟོན་བྱས་ཏེ་བསམ་བློ་གསར་པ་མི་སེམས་སུ་ཟུག་པར་སྐུལ་འདེད་ཤུཌ་ཆེན་གཏོང་བ་དང་། གནད་དོན་སྣེ་འདྲེན་དུ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་ཤུཌ་ཆེན་གཏོང་བ། ཕན་འབྲས་དངོས་ཐོན་རྒྱུ་དམིཌ་ཚད་དུ་བྱས་ནས་གྲུབ་འབྲས་གཞན་སྒྱུར་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་གཅིག་སྡུད་བརྟག་ཞིབ་ཀྱི“མཇུག་འཕྲོའི་ལས་དོན”མུ་མཐུད་ཡག་པོ་བསྒྲུབས་ནས་ལས་དོན་གྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་རྒྱུན་རྣམ་དུ་འགྱུར་བ་དང་ཕུགས་ཕན་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།