དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་སྤྱི་བདེ་ཐིང་གིས།

    “སྤྱི་བདེའི་སེམས་པ་ཏང་ལ་ཕྱོགས། རྒྱང་ལམ་གསར་པར་འབད་འབུངས་བྱེད”དང“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”ལ་གཟེངས་བསྟོད་བྱེད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉེ་ཆར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས“སྤྱི་བདེའི་སེམས་པ་ཏང་ལ་ཕྱོགས། རྒྱང་ལམ་གསར་པར་འབད་འབུངས་བྱེད”དང“བདུན་གཅིག་གི‘ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག’ལ་གཟེངས་བསྟོད་བྱེད་པ་དང“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་གསོའི་རྟགས་མ་སྤྲོད་པའི་བྱེད་སྒོ་སྤེལ་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཀྲང་ཧུང་པོ་བྱེད་སྒོར་ཞུགས་པ་མ་ཟད། ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50ཡི་ཏང་ཡོན་རྒན་གྲས་ཀྱི་འཐུས་མིར་དྲན་གསོའི་རྟགས་མ་སྤྲད་གནང་བ་དང་དེ་གར་ཡོད་པའི་ཏང་ཡོན་མི་དམངས་ཉེན་རྟོག་པ་དང་ལས་རོཌ་ཉེན་རྟོག་པ་ཡོངས་ཀྱི་སྣེ་ཁྲིད་ནས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་གནང་བ་རེད།

    ལྗོངས་སྤྱི་བདེ་ཐིང་གི་ཐིང་དུ་ཡོད་མུས་ཀྱི་ཐིང་ཏང་ཨུད་ཀྱི་ཁོངས་མི་དང་། ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བ། ལྗོངས་སྤྱི་བདེ་ཐིང་གི་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་ཁག་གཅིག དེ་བཞིན་ཐིང་ཐད་གཏོགས་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཏང་ཡོན་གྱི་འཐུས་མི་བཅས་ཁྱོན་མི་400ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།