དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་གཏོང་དགོས།

    —— ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2023-07-18

    གྲོལ་མ་ཐག་པའི་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒྲོམ་གཞི་བཟོ་བ་དང་ཐབས་ལམ་མཁོ་འདོན་བྱས་ཡོད་ལ། ཁྱབ་ཁོངས་ཁག་གི་དམིགས་ཚད་ལས་འགན་དང་ལས་ཀའི་བྱེད་ཐབས་བརྒྱུད་རིམ་ལྡན་པའི་ངང་བཏོན་པ་མ་ཟད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དུས་བསྟུན་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱེད་པའི་གདེང་ཚོད་དང་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བྱས་ཡོད། དབྱར་དུས་སུ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་དར་སྲོལ་ལ་གྱུར་ནས། ས་མཐོའི་ས་གཞི་ཆེན་པོའི་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོར་གྱུར་ཡོད།

    བསམ་བློ་དུས་དང་རྣམ་པ་ཀུན་ཏུ་ལྟེ་བར་ཕྱོགས་པ་དང་བྱ་སྤྱོད་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་དམིགས་རྒྱུ་དེ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྣེ་ཁྲིད་རང་བཞིན་གྱི་གསར་གཏོད་དང་གསར་གཏོད་རང་བཞིན་གྱི་ལག་ལེན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་བརྗིད་ཆེའི་རྒྱང་ལམ་ཕྱོགས་ཡོངས་ནས་བཏོད་ཡོད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག“འཕེལ་རྒྱས”དོན་ཆེན་གཙོ་བོར་བཟུང་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལས་ཀའི་འཆར་གཞི་གསལ་པོར་བཀོད་ཡོད།

    གདེང་ཚོད་ནི་གདེང་སྤོབས་དང་སྟོབས་ཤུགས་ཤིག་ཡིན་ལ། འགག་སྒྲོལ་དཀའ་སེལ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ཆ་རྐྱེན་དང་བསམ་པའི་སྒུལ་ཤུགས་ཀྱང་རེད། དམིགས་ཡུལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་རྒྱང་ལམ་བརྗིད་ཆེ་བ་དང་འགྲན་སློང་དང་གོ་སྐབས་ཇི་ཙམ་འཕྲད་ན་དེ་ཙམ་གྱིས་བློ་བརྟན་འགྱུར་མེད་ཀྱི་གདེང་ཚོད་དང་དད་སེམས་ཡོད་དགོས། དེ་ནི“གདེང་ཚོད་གསེར་ལས་ལྷག་པའི”དོན་སྙིང་གནས་ས་དང་། གོ་སྐབས་དམ་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མུ་མཐུད་མགྱོགས་སུ་གཏོང་བའི་སྒུལ་ནུས་ཀྱི་གནས་ས། དགེ་སྤེལ་སྐྱོན་སྤངས་དང་ཡུལ་བབ་དང་བསྟུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཀྱི་གནས་ས་བཅས་རེད།

    གདེང་ཚོད་གང་ནས་བྱུང་ངམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན། འདི་ནི་ཆེས་རྩ་བ་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བོད་ཀྱི“དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་དུས”ཀྱི་དུས་བབ་ལ་བརྡར་ཤ་བཅད་པ་ནས“ཚང་དགོས་གསུམ་དང་ཕན་འདོགས་པ་གཅིག”གི་རྣམ་བཤད་གལ་ཆེན་ཐོག་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི“གང་ཞིག་ཡིན་པ”དང་། “རྒྱུ་མཚན་གང་ཡིན་པ” “གང་འདྲ་བྱས་ཏེ་སྒྲུབ་དགོས་པ”བཅས་ལ་རྒྱས་བཤད་གཏིང་ཟབ་བྱས་པའི་བར་དང་། བོད་དུ་རྟོག་ཞིབ་གནང་སྐབས“བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”པའི་མངགས་བཅོལ་ཟབ་མོ་གནང་བ་ནས་རྟེན་འབྲེལ་གློག་འཕྲིན་བཏང་སྟེ“2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་ཞུས་པ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐུགས་རེ་གསར་པ་དང་བླང་བྱ་གསར་པ་བཏོན་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དེས། ཁ་ཕྱོགས་དང་ཐབས་ལམ་གསལ་བཏོན་གནང་ཡོད་ལ། ལས་འགན་རྩིས་སྤྲོད་དང་བྱ་ཐབས་ཀྱང་བསླབས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མི་དམངས་ཀྱི་གཙོ་འཛིན་གྱིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་འགན་ལེན་ཡོད་ལ། སྟོབས་ཤུགས་ཆེན་པོ་ཡང་མཁོ་འདོན་ཐུབ་ཡོད།

    གདེང་ཚོད་དེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་བརྒྱུད་རིམ་ནས་སྟངས་འཛིན་བྱེད་དགོས། བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་འགྲོ་དང་རིགས་པའི་གཞུང་ལུགས་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་རྩ་བ་དེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་རླབས་པོ་ཆེར་གཞི་ཚུགས་ཏེ་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་མཐའ་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་རྩོམ་པ་པོས་ཤོད་མྱོང་མེད་པ་དང་། སྔོན་རབས་པར་འཕྲད་མྱོང་མེད་པ། ནུབ་ཕྱོགས་དཔལ་འབྱོར་རིགས་པའི་གཞུང་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐག་གཅོད་བྱེད་ཐབས་བྲལ་བ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་མང་པོ་ཞིག་ལ་ལན་བཏབ་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གནས་ཚད་གསར་པའང་བཏོད་ཡོད།

    གདེང་ཚོད་ནི་འཕེལ་རྒྱས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་བཅད་པ་ལས་བྱུང་བ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕྲད་པའི་ཐོབ་དཀའ་བའི་གོ་སྐབས་དང་མཐུན་རྐྱེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པར་བརྟེན་མི་སེམས་ལ་སྐུལ་མ་ཐེབས་པ་མ་ཟད། འབད་འབུངས་ཡར་བརྩོན་གྱི་སེམས་ཤུགས་ཀྱང་འཕེལ་ཡོད། དུས་རབས་གསར་པར་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཟམ་མི་ཆད་པར་གནང་བར་བརྟེན། རང་ལྗོངས་ཀྱི་ཐོན་ཁུངས་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བའི་གོམ་སྟབས་མུ་མཐུད་མགྱོགས་སུ་ཕྱིན་པ་དང་། མི་འབོར་གྱི་ལོ་ཚད་ཀྱི་གྲུབ་ཆ་ལས་ཐོན་པའི་ཕན་པ་མངོན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཀྱི་རྨང་གཞི་མུ་མཐུད་བརྟན་པ་བཅས་འཐབ་ཇུས་ཀྱི་གོ་སྐབས་དང་དུས་མཚམས་ཀྱི་ཁྱད་ཆོས་ནས་བལྟ་བའམ་ཡང་ན་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ལ་དབྱེ་ཞིབ་བྱས་པ་གང་ནས་ཀྱང་ང་ཚོས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་ལྡན་ལ། ཆ་རྐྱེན་དང་ལེགས་ཆ་ཡང་ལྡན་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་གནས་སྐབས་ཀྱི་མྱུར་ཚད་དང་སྐབས་ཤིག་རིང་གི་དགའ་བསུ་ཐོབ་ཆེད་མིན་པར་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཆེད་དུ་ཡིན། འབད་འབུངས་ཡར་བརྩོན་གྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་སྐུལ་འདེད་གཏོང་ཆེད། ང་ཚོས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་དང་དད་སེམས་ཁྲག་རྒྱུན་ནང་མཉམ་འདྲེས་བྱེད་པ། འཕེལ་རྒྱས་དོན་གཉེར་དང་བྱ་གཞག་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཐོབ་པ་དང་གནས་ཚད་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།