དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་རླངས་འཁོར་ཁྲི་200ལྷག་ཙམ་ཕྱིར་གཏོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-17

    ཉེ་ཆར། གསར་འགོད་པར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་ངང་འཕར་བའི་རྣམ་པ་ཐོན་ནས་2021ལོ་ཧྲིལ་པོར་རླངས་འཁོར་ཁྲི་200ལྷག་ཙམ་ཕྱིར་གཏོང་བྱས་པ་དང་2022ལོ་ཧྲིལ་པོར་རླངས་འཁོར་ཁྲི་300ལྷག་ཙམ་ཕྱིར་གཏོང་བྱས་རྗེས་འདི་ལོའི་ལོ་སྟོད་དུ་རླངས་འཁོར་ཁྲི་214ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་75.7%འཕར་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་རླངས་འཁོར་ཁྲི་107ཕྱིར་གཏོང་བྱས་ནས་དུས་ཚིགས་གཅིག་རིང་གི་གོ་ལ་ཧྲིལ་པོའི་ཨང་དང་པོར་ཐོག་མར་གྱུར་ཡོད། ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་རླངས་འཁོར་རིམ་རྩིས་བྱས་ན་ཁྲི་193.3ཕྱིར་གཏོང་བྱས་ནས་མདུན་གྲལ་གྱི་གནས་བབ་བཟུང་ཡོད།

    ནུས་རྒྱུ་གསར་པའི་རླངས་འཁོར་དེ་ཉིད་ཕྱིར་གཏོང་གི་འཕར་གཞི་གསར་པར་གྱུར་ཡོད། ལོ་སྟོད་དུ་འགྲུལ་སྐྱེལ་རླངས་འཁོར་ཁྲི་178ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་88.4%འཕར་བ་དང་། ཚོང་སྤྱོད་རླངས་འཁོར་ཁྲི་36.1ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་31.9%འཕར་བ། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་53.4ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་ལྡབ་1.6འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།