དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ས་གྲུ་བཞི་ཤང་གིས།

    “ཏང་འཛུགས་སྐྱོང”ལ་བརྟེན་ནས“སྐྱེ་ཁམས་ལྗང་མདོག”ལ་སྣེ་ཁྲིད་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-17

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ས་གྲུ་བཞི་ཤང་གིས་རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ“འབྱུང་རྩ”ཡིན་པའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ལ་དམ་འཛིན་མཐའ་འཁྱོངས་དང་། “གསར་བརྗེའི་སྤུས་རྟགས”ཡིན་པའི་བྱེ་བཅོས་སྙིང་སྟོབས་གང་ལེགས་སྤྱད་པ། ཐབས་མང་མཉམ་སྤྱོད་ལ་བརྟེན་ནས་རྩྭ་ཐང་ཕྱུགས་བཀག་གི་ལས་དོན་ལ་སྐུལ་མ་བཏང་བ། རི་སྔོན་ཆུ་དྭངས་ཀྱི་རང་མདངས་བརྟན་སྲུང་བཅས་བྱས་ནས“ཏང་འཛུགས་སྐྱོང”ལ་བརྟེན་ནས“སྐྱེ་ཁམས་ལྗང་མདོག”ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད།

    ས་གྲུ་བཞི་ཤང་གིས“ནོར་ལུག་རྩྭ་སར་གྲམ་ན་རླུང་བུ་མེད་ཀྱང་བྱེ་རྡུལ་འཕྱུར”བའི་སྐྱེ་ཁམས་ཀྱི་ཉམས་ཞན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་ནས་“མིག་མངས་འགྲིག་སྐོར་གཅིག”གི་སྤྱི་ཡོངས་ལྟ་བ་བརྟན་པོར་བཙུགས་པ་དང་། 《ལས་ཀའི་ཇུས་གཞི》བཟོས་ནས་བཀྲམ་ཁར《ཁས་ལེན་ཡི་གེར》མིང་རྟགས་བཀོད་ཅིང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ནི་རྩྭ་ཐང་ཕྱུགས་བཀག་གི་འགན་འཁྲི་འཁུར་མཁན་དང་པོ་ཡིན་པ་ཁ་གསལ་བཟོས་པ་དང་། གྲོང་ཚོ་དང་དུད་ཁྱིམ་དུ་བསྐྱོད་པ་དང་། རྩྭ་ས་དང་ཕྱུགས་ཚང་དུ་བསྐྱོད་པ། སྐད་འཕྲིན་ཚོགས་པ། གྲོགས་ཚོགས། སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་བྱང་བུ་བཟོ་བ་སོགས་ལ་བརྟེན་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་དྲིལ་བསྒྲགས་བྱས་པ་མ་ཟད། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ནུས་པ་ཧུར་ཐག་བཏོན་ནས་གྲོང་ཚོའི་ལས་བྱེད་པ་དང་། ཏང་ཡོན་གྱི་འཐུས་མི། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་40ལྷག་སྒྲིག་འཛུགས་ཀྱིས་ཐབས་འདོན་ཇུས་འབུལ་བྱས་པས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཕྱུགས་བཀག་ལས་དོན་ལ་དམ་འཛིན་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།