དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སྣུམ་འདོན་ཁུལ་སྒྲོལ་བའི་གཞུང་ལམ་ཐོག་མ་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-17

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཅུས་བཅུ་པ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ལྕགས་ལམ་ཅུས་བཅུ་པ་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་མང་ཡ་གྲོང་ཁྱེར་གྱི་སྣུམ་བྱེ་རི་བོའི་གཞུང་ལམ་གྱི་གཡུ་མཚོ་ནས་སྣུམ་བྱེ་རི་བོའི་བར་གྱི་ལམ་མདོའི་ལམ་གཞི་དང་། ལམ་ངོས། ཟམ་པ་དང་ཆུ་འགྲོ དེ་བཞིན་ཞོར་གཏོགས་ལས་གྲྭའི་ཨར་སྐྲུན་བཅས་ཚང་མ་ལེགས་གྲུབ་ཟིན་ཏེ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་སྣུམ་ཞིང་གི་སྣུམ་འདོན་ཁུལ་སྒྲོལ་བའི་གཞུང་ལམ་ཐོག་མ་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད།

    མང་ཡ་ནས་སྣུམ་བྱེ་རི་བོའི་ལམ་མདོའི་གཞུང་ལམ་ནི་མཚོ་སྔོན་ཞིང་ཆེན་གྱི“འཛུགས་སྐྲུན་དང་བདག་སྐྱོང་གཞི་གཅིག་ཅན”གྱི་རྣམ་གྲངས་དང་པོ་དེ་ཡིན་ཞིང་། དེ་ནི་རྒྱལ་ལམ་315ཡི་ལམ་ཐིག་གི་མཚོ་སྔོན་ཞིང་ཆེན་ས་ཁོངས་ཀྱི་གྲུབ་ཆ་གལ་ཆེན་གྱི་ལམ་དུམ་ཞིག་ཡིན་ལ་མཚོ་སྔོན་ནས་ཐད་ཀར་ཤིན་ཅང་དུ་ཤར་སྐྱོད་ཐུབ་པའི་རྒྱལ་ལམ་གྱི་མ་ལམ་ཞིག་ཀྱང་ཡིན།

    ཀྲུང་གོ་ལྕགས་ལམ་ཅུས་བཅུ་པ་ཚོགས་པའི་ལས་གྲྭ་ཚད་ཡོད་ཀུང་སི་བདུན་པའི་མང་ཡ་ནས་སྣུམ་བྱེ་རི་བོའི་རྣམ་གྲངས་ཀྱི་ཅིང་ལི་ཀྲའོ་ལི་ཅུན་གྱིས་ངོ་སྤྲོད་བྱས་པར། མང་ཡ་ནས་སྣུམ་བྱེ་རི་བོའི་གཞུང་ལམ་གྱི་མ་ལམ་གཙོ་བོའི་རིང་ཚད་ལ་བསྡོམས་སྟོང་སྨི་13.1ཟིན་པ་དང་། འཆར་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྟོང་སྨི་80ཟིན་པ། ལམ་གཞིའི་ཞེང་ཚད་ལ་སྨི་27ཡོད།

    མང་ཡ་ནས་སྣུམ་བྱེ་རི་བོའི་གཞུང་ལམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཡ་གྲོང་ཁྱེར་དུ་གནས་པ་དང་། ཚྭ་འདམ་གཤོངས་སའི་ནུབ་བྱང་རྒྱུད་དུ་ཆགས་པ། ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡན་ཟིན་པ། གནས་ས་ལུང་ཁུག་ཡིན་པ། ཨར་ལས་ཀྱི་ཐོན་ཁུངས་དཀོན་པ། གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ། ལས་གྲྭའི་ཨར་སྐྲུན་དུམ་བུ་མཚོ་སྔོན་སྣུམ་ཞིང་གི་སྣུམ་འདོན་ཁུལ་ནས་སྒྲོལ་དགོས་པ། རྒྱལ་ཁབ་གློག་དྲའི་མཐོ་གནོན་གློག་སྐུད་མང་པོ་བརྒྱུད་དགོས་པ། མདོང་ལམ་གྱི་དྲ་བ་རྙོག་འཛིང་ཆེ་བ་བཅས་ཡོད་པས་ཨར་ལས་ལ་དཀའ་ཚེགས་ཆེན་པོ་ཡོད།

    ལས་འགོ་བཙུགས་པ་ནས་བཟུང་ལས་གྲྭའི་རྣམ་གྲངས་པུས་ས་ཁུལ་གྱི་གནམ་གཤིས་དང་། རྣམ་གྲངས་ཀྱི་ཨར་སྐྲུན་ཁྱད་ཆོས། ལས་གྲྭའི་གཙོ་གནད་དང་དཀའ་གནད་བཅས་དང་ཟུང་འབྲེལ་གྱིས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཚན་ཞིབ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཀའི་བྱེད་ཐབས་གསུམ་ཞིབ་འཇུག་ཕྱོགས་སྡོམ་བྱས་པ་མ་ཟད། ལམ་ཐིག་ཧྲིལ་པོར་ཨར་ལས་བྱེད་རིང་ཁྱབ་གདལ་དང་བེད་སྤྱོད་བཏང་སྟེ་མང་ཡ་ནས་སྣུམ་བྱེ་རི་བོའི་གཞུང་ལམ་སྤུས་ལེགས་འཛུགས་སྐྲུན་དང་ཕན་འབྲས་མཐོ་པོས་ལེགས་སྒྲུབ་བྱ་ཆེད་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད།

    ཀྲུང་གོ་ལྕགས་ལམ་ཅུས་བཅུ་པ་ཚོགས་པའི་ལས་གྲྭ་ཚད་ཡོད་ཀུང་སི་བདུན་པའི་མང་ཡ་ནས་སྣུམ་བྱེ་རི་བོའི་རྣམ་གྲངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཡ་ཅུན་གྱིས་ངོ་སྤྲོད་བྱས་པར། མང་ཡ་ནས་སྣུམ་བྱེ་རི་བོའི་གཞུང་ལམ་བསྐྲུན་རྗེས་གོར་མོ་ནས་མང་ཡ་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་ཐུབ་སྟེ། ཟི་ལིང་ནས་མང་ཡ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་ལམ་རྒྱུད་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུ་མ་ཟད། ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱང་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།