དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གནམ་གཤིས་ཀྱི་ འགྱུར་ལྡོག་ལ་ཁ་གཏད་གཅོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-16

    འདི་ནི་ཟླ་6ཚེས་24ཉིན། ཧའེ་ནན་ཞིང་ཆེན་ཝུན་ཁྲང་གྲོང་ཁྱེར་གྱི་མཚོ་འགྲམ་གྱི་གླིང་ཕྲན་བསྐོར་བའི་ཡུལ་སྐོར་གཞུང་ལམ་འགྲམ་དུ་བཙུཊ་པའི་རླུང་ཤུགས་འཕྲུལ་འཁོར་ཡིན་པ།

    ཀྲུང་གོས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་བཏང་བའི་མ་དངུལ་ནི་བསམ་ཚོད་ལས་མང་བ་ཡོད། ལྷག་པར་དུ་ནུས་རྒྱུ་གཙང་མས་སྲོལ་རྒྱུན་གྱི་འགྱུར་རྡོའི་འབུད་རྫས་ཀྱི་ཚབ་བྱེད་པའི་ཐད་མ་དངུལ་འབོར་ཆེན་བཏང་ཡོད། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དམིགས་ཚད་གལ་ཆེ་ཤོས་ཏེ། ནུས་རྒྱུ་གཙང་མ་སྒྲིག་སྦྱོར་བྱས་ནས་འགྱུར་རྡོའི་འབུད་རྫས་ཀྱི་ཚབ་བྱེད་པའི་མྱུར་ཚད་ཀྲུང་གོ་འཛམ་གླིང་གི་སྔོན་ལ་སླེབས་ཡོད།

    ཀྲུང་གོའི་མི་རེའི་ཆ་སྙོམས་དྲོད་ཁང་རླངས་གཟུགས་འབུད་ཚད་དེ་ཨ་རིའི་ཕྱེད་ཀ་ཙམ་ལས་མེད་པ་དང་། རླུང་ཤུགས་ཀྱི་གློག་འདོན་ཚད་དེ་ཨ་རིའི་ལྡབ་2ཙམ་ཡིན་པ། ཉི་ནུས་ཀྱི་གློག་འདོན་ཚད་ཀྱིས་གོ་ལ་ཧྲིལ་པོའི་གསུམ་ཆ་གཅིག་བཟུང་ཡོད་པས་ཨ་རིའི་ལྡབ་2ལྷག་ཙམ་ཡིན། ཀྲུང་གོས་འཛུགས་སྐྲུན་བྱེད་བཞིན་པའི་བསྐྱར་སྐྱེས་ནུས་རྒྱུ་རྒྱལ་ཁབ་གཞན་ལས་ཧ་ཅང་མང་བ་ཡོད་པ་དང་། ཀྲུང་གོར་བསྐྱར་སྐྱེས་ནུས་རྒྱུ་ནས་ཐོབ་པའི་གློག་ཤུགས་ཨ་རི་ལས་ལྷག་པ་ཡོད། ཀྲུང་གོ་ནི་ད་དུང་གོ་ལ་ཧྲིལ་པོའི་འོད་ཤུགས་ཐོན་རྫས་མཁོ་འདོན་བྱེད་མཁན་གཙོ་བོ་ཡིན་པ་དེས་གོ་ལ་ཧྲིལ་པོའི་སྤྱི་འབོར་གྱི་75%བཟུང་ཡོད། ཀྲུང་གོས་ཐོན་སྐྱེད་བྱས་པའི་གློག་སྒུལ་རླངས་འཁོར་གྱིས་འཛམ་གླིང་གི་སྤྱི་འབོར་གྱི་57%བཟུང་བ་དང་། ཀྲུང་གོས་རྒྱལ་ནང་གི་ཁྲོམ་ར་ཆེ་ཤོས་སྐྱེད་སྲིང་བྱས་པ་མ་ཟད། ད་དུང་གློག་སྒུལ་རླངས་འཁོར་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེན་པོར་གྱུར་པ་དང་ལོ་རྒྱུས་ཐོག་གཙོ་ཁྲིད་ཀྱི་གནས་བབ་བཟུང་བའི་རི་པིན་དང་། འཇར་མན། ཨ་རི་སོགས་རྒྱལ་ཁབ་ལས་ལྷག་པ་ཡོད།

    ནུས་རྒྱུ་གཙང་མས་ཀྲུང་གོའི་གློག་ཤུགས་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། 2022ལོར་བསྐྱར་སྐྱེས་ནུས་རྒྱུའི་ཕྱོགས་སུ་མགྱོགས་མྱུར་བར་བརྒལ་བྱ་ཆེད། ཀྲུང་གོས་མ་འཇོག་བྱེད་ཚད་ཡོ་རོབ་མནའ་འབྲེལ་གྱི་ལྡབ་3ཡིན་པ་དང་། དཔལ་འབྱོར་གཞི་ཁྱོན་ནས་བལྟས་ན་ཨ་རིས་མ་འཇོག་ཁས་ལེན་བྱས་པའི་ལྡབ་4ཡིན་པ་རེད། 2023ལོའི་ཟླ་1པོ་ནས་4པའི་བར་ཀྲུང་གོའི་ཉི་ནུས་གློག་འདོན་ཚད་ཧང་སངས་པའི་སྒོ་ནས་36%མང་དུ་ཕྱིན་པ་དང་། ཟླ་5པར་ཀྲུང་གོས་ཁྱབ་བསྒྲགས་བྱས་པའི་ལོ་གཅིག་ནང་འཕར་བའི་ཉི་ནུས་གློག་འདོན་ཚད་ཨ་རི་ཡོངས་ཀྱི་ཉི་ནུས་རྨང་གཞིའི་སྒྲིག་བཀོད་དང་གཅིག་མཚུངས་ཡིན་པ་རེད།

    —— ཨ་རིའི་ཕེང་པོ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།