དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སར་པི་ཡའི་གྲོས་ཚོགས་ཀྱི་འཐུས་ཚབ་ཀྱིས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་རྣམ་གྲངས་ལ་གདེང་འཇོག་མཐོ་པོ་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-16

    འདི་ནི་སར་པི་ཡའི་དབུས་བྱང་རྒྱུད་ཀྱི་གྲོང་ཁྱེར་ནོ་ཝེ་སཱ་ཏེ་རུ་སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་རྣམ་གྲངས་ཀྱི་འགན་འཁུར་བའི་ཕེབས་རོགས་འོག་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་སར་པི་ཡའི་དབུས་བྱང་རྒྱུད་ཀྱི་གྲོང་ཁྱེར་ནོ་ཝེ་སཱ་ཏེ་རུ་སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་འཛུགས་སྐྲུན་པ་དང་མཉམ་དུ་པར་རྒྱག་བཞིན་པ།

    འདི་ནི་སར་པི་ཡའི་དབུས་བྱང་རྒྱུད་ཀྱི་གྲོང་ཁྱེར་ནོ་ཝེ་སཱ་ཏེ་རུ་སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་གྱི་འགན་འཁུར་བས་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱས་པ་ཉན་བཞིན་པ།

    འདི་ནི་སར་པི་ཡའི་དབུས་བྱང་རྒྱུད་ཀྱི་གྲོང་ཁྱེར་ནོ་ཝེ་སཱ་ཏེ་རུ་སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་རྣམ་གྲངས་ཀྱི་བྱེ་གཞོང་ལ་ལྟ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེལ་ཀེ་རེ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི་44ལས་གྲུབ་པའི་འཐུས་ཚབ་ཚོགས་པ་སར་པི་ཡའི་དབུས་བྱང་རྒྱུད་ཀྱི་གྲོང་ཁྱེར་ནོ་ཝེ་སཱ་ཏེ་རུ་བསྐྱོད་དེ་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་གྱི་སར་པི་ཡའི་ཁོངས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་སྐོར་བྱས་པ་རེད། འཐུས་ཚབ་ཚོགས་པས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་མཉམ་ལས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱིས་ཡུལ་དེའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་གདེང་འཇོག་མཐོ་པོ་བྱས་པ་རེད།

    སར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་ཀྲུང་གོ་དང་སར་པི་ཡ་རྒྱལ་ཁབ་གཉིས་ཀྱི་ལྕགས་ལམ་འཛུགས་སྐྲུན་པའི་འཐུས་ཚབ་ཀྱི་ཕེབས་རོགས་འོག སར་པི་ཡའི་གྲོས་ཚོགས་ཀྱི་འཐུས་ཚབ་ཚོགས་པས་བསྐྲུན་ཟིན་ནས་ཤར་གཏོང་བྱས་པའི་རྒྱལ་ས་པེལ་ཀེ་རེ་ཏེ་ནས་ནོ་ཝེ་སཱ་ཏེའི་བར(པེལ་ནོ་དུམ་བུ)གྱི་མྱུར་བགྲོད་ལྕགས་ལམ་བསྡད་དེ་ནོ་ཝེ་སཱ་ཏེར་བསྐྱོད་ནས་སྐྲུན་མུས་ཀྱི་ནོ་ཝེ་སཱ་ཏེ་ནས་སུའུ་པོ་ཏི་ཚཱ་བར་གྱི་མཐའ་མཚམས་དུམ་བུའི(ནོ་སུའུ་དུམ་བུ)ལས་ཡུལ་དུ་ལྟ་སྐོར་བྱས་པ་རེད།

    སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ལཱ་ཀུའུ་ཧྲེ་ཡིས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་མཚོན་བྱེད་དུ་བྱས་པའི་སར་པི་ཡ་དང་ཀྲུང་གོའི་མཉམ་ལས་རྣམ་གྲངས་དེ་སར་པི་ཡའི་ལོ་རྒྱུས་ཐོག་དམིགས་བསལ་གྱི་ལེའུ་ཞིག་ཏུ་འགྱུར་རྒྱུ་མ་ཟད། རྒྱལ་ཁབ་འདིའི་འབྱུང་འགྱུར་ཡང་འགྱུར་ལྡོག་གཏོང་རྒྱུ་རེད་ཅེས་བརྗོད།

    ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་ལ། ཀྲུང་གོའི་ལྕགས་ལམ་ལག་རྩལ་དང་སྒྲིག་ཆས་ཡོ་རོབ་མནའ་འབྲེལ་གྱི་ལྕགས་ལམ་དང་མཉམ་སྦྲེལ་མཉམ་མཐུད་ལག་རྩལ་གྱི་ཚད་འབྲེལ་མཐུད་རྣམ་གྲངས་ཐོག་མ་དེའང་ཡིན་པ་རེད། ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་350ཡོད་པ་དང་པེལ་ཀེ་རེ་ཏེ་དང་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་འབྲེལ་ཡོད། དེའི་ཁྲོད་སར་པི་ཡའི་ཁོངས་ཀྱི་རིང་ཚད་དེ་སྤྱི་ལེ་183ཟིན་ཡོད། ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་གྲོང་མིའི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་ཤུགས་ཆེན་འགྲོ་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ། ཧང་ག་རི་དང་སར་པི་ཡ་རྒྱལ་ཁབ་གཉིས་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་ཐེབས་རྒྱུ། དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤེལ་རེས་རྒྱ་ཆེར་འགྲོ་རྒྱུ་བཅས་ཡིན་པ་མ་ཟད། ཀྲུང་གོ་དང་ཡོ་རོབ་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཡོ་རོབ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།