དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཏུན་ཧོང་མིན་ཧྲ་རི་ནས་སྙན་པའི་རོལ་དབྱངས་གྲགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-16

     འདི་ནི་ཟླ་6ཚེས་24ཉིན་གྱི་ཞོགས་པ། ཡུལ་སྐོར་བས་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིན་ཧྲ་རིའི་ཟླ་གམ་ཆུ་མིག་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པ།

    ཀྲུང་གོའི་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིན་ཧྲ་རིའི་བྱེ་ཕུང་ནས་སྙན་པའི་རོལ་དབྱངས་ཀྱི་སྒྲ་གྲགས་པས་ཉམས་དགའ་བ་ཞིག་ཡོད། ཁུ་མུ་ཐ་ཀེ་བྱེ་ཐང་དུ་ཁ་གྲམ་པའི་བྱེ་ཕུང་ཆེ་ཆུང་འདྲ་མིན་ཡོད་པ་དེ་དག་གིས་ལྷགས་པ་རྒྱག་སྐབས་གླུ་དབྱངས་ལྟ་བུའི་སྒྲ་སྙན་པར་གྲགས་ཤིང་། དེ་ནི་ཡིད་དབང་འཕྲོག་ལ་ངོ་མཚར་ལྡན་པའི་སྣང་ཚུལ་ཞིག་རེད། ཞིབ་པར་བལྟས་ཚེ། བྱེ་མར་ཁ་དོག་སྣ་ལྔའི་མདངས་ལྡན་ཡོད།

    མིན་ཧྲ་རི་ནི་དགའ་བསུ་ཐོབ་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཡིན་ལ་དེ་གར་ངོ་མཚར་ཆེ་བའི་ཡུལ་ལྗོངས་ཡོད་པ་དང་སྙན་འཇེབས་ཀྱི་རོལ་དབྱངས་ཀྱང་གྲགས། བྱེ་སྒང་ལ་དམིགས་ཏེ་བྱེད་སྒོ་ཡང་འདྲ་མིན་སྣ་ཚོགས་ཡོད་དེ། རྔ་མོང་བཞོན་པ་དང་ཤུད་འཁོར་ནང་སྡོད་པ་སོགས་ཡོད། རིག་གནས་ཤུལ་བཞག་གལ་ཆེན་གྱི་གནས་ཡིན་པའི་ཏུན་ཧོང་མིན་ཧྲ་རི་བོར་ལྟ་ཞིབ་གཟབ་ནན་བྱས་ཏེ་མི་ཚོགས་མང་པོ་སླེབས་ཀྱང་མཛེས་ལྗོངས་ཁུལ་ལ་གཏོར་སྐྱོན་མི་ཕོག་པ་བྱས་ཡོད་ཅིང་། སྲུང་སྐྱོང་ལས་དོན་ནི་ཡུལ་སྐོར་ལས་རང་བྱུང་ཁམས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ངོས་འཛིན་ཟབ་ཏུ་གཏོང་རྒྱུ་དེ་རེད། མཚན་མོར་བྱེ་སྒང་དུ་རླུང་བུ་ལྡང་ན་རྐང་རྗེས་ཤུལ་མེད་དུ་བསུབས་ནས་བྱེ་ཐང་གིས་ཕྱི་ཉིན་ཡུལ་སྐོར་བ་བསུ་བའི་གྲ་སྒྲིག་ཨང་བསར་བྱེད་དང་མཚུངས།

    —— དབྱིན་ཇིའི་IFL Scienceདྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།