དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡུན་ནན་བདེ་ཆེན་གྱིས་སྐྱེ་ཁམས་ཀྲོའུ་འཛུགས་སྐྱོང་ལ་བརྟེན་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   དབྱང་ཅིང་།   |     སྤེལ་དུས།  2023-07-16

    ཡུན་ནན་གྱི་ནུབ་བྱང་རྒྱུད་དུ་ཡོད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་སྐྱེ་ཁམས་སྲུང་སྐྱོང་དང་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་སྟོད་རྒྱུད་ལ་སྲུང་སྐྱོང་བྱས་ཡོད།

    ཆར་པ་སིམ་སིམ་ཞིག་བབས་རྗེས་ལིའོ་ཁྲུན་ཧྭ་རང་ཁྱིམ་གྱི་ལྕང་སོན་རྟེན་གཞིར་ཡོང་སྟེ། ལྕང་སོན་རྐང་ཁ་ཤས་བཀོག་ནས་རི་མགོར་བཙུགས་པར་འགྲོ་རྒྱུའི་གྲ་སྒྲིག་བྱས། འདི་ལོ་ལོ་71ལ་སླེབས་པའི་ལིའོ་ཁྲུན་ཧྭ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། ལོ་20ལྷག་ཙམ་རིང་ཁོང་གིས་གྲོང་མིའི་སྣེ་ཁྲིད་དེ་ལྕང་སོན་ཁྲི་300ལྷག་ཙམ་བཏབ་ནས་དེ་སྔའི་ཐང་རྒོད་དེ་ད་ཆའི་སྔོ་ཐིང་ཐིང་གི་ནགས་ཚལ་དུ་གྱུར་ཡོད།

    1998ལོའི་གོང་བདེ་ཆེན་ཀྲོའུ་ཡི་མང་ཚོགས་ཁག་གཅིག་གིས་ཤིང་བཅད་ནས་བཙོངས་ཏེ་ཡོང་འབབ་བསགས་ཀྱི་ཡོད་ལ། ཤིང་ཆ་ནི་ས་གནས་དེ་གའི་ནོར་སྲིད་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཀྱང་རེད། རི་ལྡེབས་ཁག་གཅིག་ཏུ་ཤིང་སྡོང་ལྐོག་ཏུ་གཅོད་པ་དང་གང་འདོད་དུ་བཅད་དྲགས་པས་སྐྱ་ཐེར་ཐེར་དུ་གྱུར་ཡོད། ལིའོ་ཁྲུན་ཧྭ་ཡིས“གལ་སྲིད་མུ་མཐུད་འདི་ལྟར་བཅད་ཚེ་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ངེས་རེད”ཅེས་སེམས་ཁྲལ་བྱེད་ཀྱི་ཡོད།

    ལོ་དེར་ལིའོ་ཁྲུན་ཧྭ་ཡིས་མི་གཞན་གྱི་ཟུར་ཟའི་ཚིག་ལ་མ་གཏད་པར་ཆེད་མངགས་གླས་པའི་ལས་མི་ཁྲིད་དེ། ལྕང་སོན་དང་། ཤིང་འཛུགས་ལག་ཆ། སྟབས་བདེའི་འཚོ་བའི་ཡོ་བྱད་བཅས་ཁྱེར་ནས་ཤིང་འཛུགས་ལས་ལ་གཞོལ། ཁོང་གིས་སྐབས་དེ་དུས་འགྲིམ་འགྲུལ་སྟབས་བདེ་མེད་པས་མི་དྲེལ་གཉིས་ཀྱིས་དངོས་ཟོག་དབོར་དགོས་ཀྱི་ཡོད་སྟབས་རི་མགོར་འཛེགས་པ་ཁོ་ནར་ཉིན་གཅིག་འགོར་གྱི་ཡོད་པའི་ཁར། དབྱར་དུས་ཆར་པ་ཡང་སེ་བབས་ཀྱི་ཡོད་པས་ཆར་རླུང་ཁྲོད་ཤིང་འཛུགས་རྒྱུ་ནི་རྒྱུན་གཏན་ཞིག་ཏུ་གྱུར་ཡོད་ཅེས་བཤད།

    སྲིད་གཞུང་སྡེ་ཚན་གྱི་རྒྱབ་སྐྱོར་འོག་ལོ་མང་རིང་ལིའོ་ཁྲུན་ཧྭ་ཡིས་གྲོང་མིའི་སྣེ་ཁྲིད་དེ་རི་རྒོད་མུའུ་ཁྲི་2.7ལ་གསོམ་ཤིང་དང་ཐང་ཤིང་རྐང་ཁྲི་300ལྷག་ཙམ་བཏབ་པས་གང་སར་སྔོ་ལྗང་དུ་གྱུར་ཡོད། ད་ཆ་ལིའོ་ཁྲུན་ཧྭ་ཡི་རྐང་པར་རུས་ལྷག་སྐྱེས་ཡོད་པ་མ་ཟད། དེ་སྔོན་ལྟར་གྱི་ངར་ཤུགས་ཆེན་པོ་མེད་མོད། འོན་ཀྱང་ཁོང་གིས“གཟུགས་པོས་ལྕོགས་ཚད་བར་དུ་ངས་མུ་མཐུད་ལྕང་སོན་འདེབས་ངེས་ཡིན”ཞེས་བཤད།

    “རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཁྱིམ་གཞིས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་གཅིག་མཚུངས་ཡིན” བདེ་ཆེན་ཀྲོའུ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་1998ལོར་ཀྲོའུ་ཡོངས་སུ་རང་བྱུང་ནགས་ཚལ་གྱི་ཚོང་ཟོག་རང་བཞིན་གྱི་ཤིང་གཅོད་མཚམས་བཞག་རྗེས་བདེ་ཆེན་ཀྲོའུ་ཡིས་རང་བྱུང་ནགས་ཚལ་ཐོན་ཁུངས་ཚང་མ་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་ཁྱབ་ཁོངས་ནང་བཅུག་པས་མང་ཚོགས་ཀྱིས་སྐྱེ་ཁམས་ལ་རང་འགུལ་ངང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་། མིག་སྔར་ཀྲོའུ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་77.63%ཟིན་ཡོད་ཅེས་བཤད།

    དབྱར་དུས་ཀྱི་ཞོ་རྡོ་མཚོ་ནི་གཡུ་ཡི་གཞོང་པ་བཞིན་སྔོ་ཞིང་དྭངས་ལ་ཉེ་འཁོར་གྱི་རི་བོ་སྔོ་ཐིང་ངེར་གནས་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཅུང་ཆེ་བའི་མཚོ་ཞིག་ཡིན་པའི་ཞོ་རྡོ་མཚོ་ཡི་དམིགས་བསལ་གྱི་ས་མཐོའི་མཛེས་ལྗོངས་ལས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། འོན་ཀྱང་དེ་སྔོན་མཐའ་འཁོར་གྱི་གྲོང་མིས“རྟ་ཁྲིད་ཡུལ་སྐོར”རྣམ་གྲངས་སྒྲིག་འཛུགས་བྱས་ནས་མཚོ་འགྲམ་གྱི་ན་ཁར་ཚོང་ཟོག་འཚོང་བ་དང་བསྲེགས་ཟས་བཟོ་ཀྱི་ཡོད་པས་མཚོ་ཡི་ཆུ་སྤུས་དང་། མཚོ་འགྲམ་གྱི་སྐྱེ་ཁམས། མཛེས་ལྗོངས་སོགས་ལ་ཤུགས་རྐྱེན་བཟོས་ཡོད།

    ཞོ་རྡོ་མཚོར་སྲུང་སྐྱོང་ཡག་པོ་བྱ་ཆེད་ས་གནས་དེ་གས་ཁེ་ཕན་མཉམ་སྤྱོད་དང་འགན་འཁྲི་མཉམ་འཁུར་གྱི་ལམ་སྲོལ་བཙུགས་པས་གྲོང་མི་ཚོས་རྟ་ཁྲིད་དང་བསྲེགས་ཟས་སོགས་རྣམ་གྲངས་ལག་བསྟར་བྱེད་མཚམས་གཅིག་རྗེས་གཉིས་མཐུད་ངང་བཞག་པ་དང་། མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་ལ་བརྟེན་ནས་སྐྱོང་ལན་འཇལ་ཏེ། སྐྱེ་ཁམས་ཀྱི་ནགས་སྲུང་བ་དང་གཙང་སྦྲ་བ་སོགས་བསྡུ་བའི་བྱེད་ཐབས་བརྒྱུད་གྲོང་མི་ཚོ་མཚོ་སྲུང་སྐྱོང་དང་ནགས་ཚལ་བདག་སྐྱོང་ནང་རང་འགུལ་ཞུགས་ཐུབ་པ་བྱས་ཡོད། ད་ཆ་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་ཐུབ་པ་མ་ཟད། གྲོང་མིའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད།

    སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། བདེ་ཆེན་ཀྲོའུ་ཡིས་རང་འགུལ་ངང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལས་རིགས་དང་སྐྱེ་དངོས་ཐོན་ལས་དེ་རིམ་བཞིན་གལ་ཆེའི་གཙོ་རྟེན་ཐོན་ལས་སུ་གྱུར་ཡོད།

    ལོ་བཅུའི་རིང་འབྲི་ཆུར་ཀླུང་རྒྱ་བསྡམས་པ་ནས་བཟུང་བདེ་ཆེན་ཀྲོའུ་ཞིང་ལས་དང་གྲོང་གསེབ་ཅུས་དང་ཀྲུང་གོ་ཐའེ་ཐ་མ་རྐང་ཚད་ཡོད་ཀུང་སིས་འབྲི་ཆུའི་ཉ་འཛིན་མི་ཆོག་པའི་ཁུལ་དུ་ཁྲིམས་སྒྱུར་ལྟ་འདོམས་དང་ཉ་ལས་ལྟ་འདོམས་སོགས་ཐད་མཉམ་ལས་ཧུར་ཐག་བྱས་ཡོད། མིག་སྔར་བདེ་ཆེན་ཀྲོའུ་མངའ་ཁོངས་ཀྱི་འབྲི་ཆུ་རྒྱུག་ཁུལ་དུ“ཉ་འཛིན་མཁན་གྱི་ཉ་གྲུ་དང་། ཉ་འཛིན་བྱེད་ཀྱི་ཉ་རྒྱ། ཉ་འཛིན་མཁན་གྱི་ཉ་པ། ཉ་འཛིན་ཐོན་སྐྱེད་བཅས་མེད་པའི”དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ནས་འབྲི་ཆུའི་ཉ་རིགས་ཐོན་ཁུངས་མངོན་གསལ་དོད་པོས་སླར་གསོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།