དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་རི་འཛེག་སྣེ་ཤན་པའི་དུས་ཆེན་གཉེར་བ་མ་ཟད་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་པའི་ཚད་ལྡན་ཅན་གྱི་མ་ལག་བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-15

    མིའི་རིགས་ཇོ་མོ་གླང་མར་འཛེགས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བ་དང་ཀྲུང་གོའི་བོད་ཀྱི་རི་འཛེག་སྣེ་ཤན་པའི་དུས་ཆེན་སྐབས་བདུན་པ་ཚེས་12ཉིན་བོད་ལྗོངས་ལྷ་སར་གཉེར་བ་དང་། བོད་ལྗོངས་རི་འཛེག་སྣེ་ཤན་པའི་མཐུན་ཚོགས་ཀྱིས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་པའི་ཚད་ལྡན་ཅན་གྱི་མ་ལག་བཀྲམ་པ་རེད།

    བོད་རང་སྐྱོང་ལྗོངས་རི་འཛེག་མཐུན་ཚོགས་དང་རི་འཛེག་སྣེ་ཤན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་བསམ་གྲུབ་ཀྱིས“ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་པའི་ཚད་ལྡན་ཅན་འཛུགས་སྐྱོང་དང་ཚད་གཞི་ཅན་གྱི་དོ་དམ”སྐོར་སྙན་སེང་ཞུས་ཤིང་། ཆེད་ལས་རི་འཛེག་སྣེ་ཤན་པ་གསོ་སྐྱོང་གི་རེ་ཞུའི་བརྒྱུད་རིམ་དང་། གསོ་སྐྱོང་མ་ལག དཔྱད་ཞིབ་མ་ལག ཁས་ལེན་དཔང་འདོན་མ་ལག་བཅས་ངོ་སྤྲོད་བྱས་པས་ཧི་མ་ལ་ཡའི་སྣེ་ཤན་པའི་ལས་དོན་སྔར་བས་ཚད་ལྡན་དུ་ཕྱིན་ཡོད།

    1999ལོར་བོད་ལྗོངས་ལྷ་སའི་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་པའི་སློབ་གྲྭ(བོད་ལྗོངས་རི་འཛེག་སློབ་གྲྭ་སྟེ་གཤམ་ལ“སྣེ་ཤན་པའི་སློབ་གྲྭ”ཞེས་བསྡུ་རྒྱུ)བཙུགས་པ་དང་། 2001ལོར་བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སི་ཐོ་བཀོད་བྱས་ནས་བཙུགས་ཤིང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་སྟངས་བཏོད་དེ་སློབ་གྲྭའི་སློབ་ཐོན་སློབ་མ་ཀུང་སིར་ཞུགས་ནས་ཚོང་ལས་རི་འཛེག་བྱེད་སྒོའི་སྣེ་ཤན་པ་བྱེད་ཆོག་གི་ཡོད། 2017ལོའི་ཟླ་10པར་བོད་ལྗོངས་རི་འཛེག་སྣེ་ཤན་པའི་མཐུན་ཚོགས་བཙུགས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ལོ་24ཡི་རིང་། སྣེ་ཤན་པའི་སློབ་གྲྭ་ནས་ཁྱོན་སློབ་མ་280ཐོན་པ་དེའི་ནང་ཇོ་མོ་གླང་མར་འཛེག་མཁན་སྣེ་ཤན་པ་མི་ཐེངས་523ཟིན་པ་དང་། ཇོ་མོ་གླང་མར་ཐེངས་15ཡན་འཛེགས་མཁན་སྣེ་ཤན་པ་5ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།