དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་འབྲུ་རིགས་བདེ་འཇགས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་སྔོན་ཚུད་གནས་བབ་ཐོག་འཇོག་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-15

    ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིང་གིས། འབྲུ་རིགས་བདེ་འཇགས་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་ཇི་ལྟར་བྱེད་པ་ནི་རྒྱལ་ཁབ་ཁག་ལ་འཕྲད་པའི་གནད་དོན་གལ་ཆེན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲུ་རིགས་བདེ་འཇགས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་སྔོན་ཚུད་གནས་བབ་ཐོག་འཇོག་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་ཁག་གིས་ནུས་ལྡན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་པ་རེད།

    ཉིན་དེར་ཏའེ་པིང་གིས་2023ལོའི《འཛམ་གླིང་གི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་ཀྱི་གནས་ཚུལ》ཞེས་པའི་སྙན་ཞུ་ཡོངས་བསྒྲགས་བྱེད་པའི་དམིགས་བསལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འབྲུ་རིགས་ཐོན་སྐྱེད་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཏེ་རྨོ་ཞིང་གི“དམར་ཐིག”བརྟན་སྲུང་བྱེད་པ་དང་འབྲེལ་གནམ་གཤིས་ཀྱི་འགྱུར་ལྡོག་དང་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཆུ་བེད་དང་། འགྲོ་ལམ། གློག་ཤུགས། དྲ་སྦྲེལ་སོགས་འགག་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    ཏའེ་པིང་གིས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་ཁོངས་གཏོགས་ཀྱི་ལྗང་མདོག་ཐཱན་ཉུང་དང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་ལག་རྩལ་དང་གྲངས་འཛིན་ལག་རྩལ་སོགས་གཞན་སྒྱུར་བཀོལ་སྤྱོད་དང་ཤེས་བྱ་མཉམ་སྤྱོད་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།

    ཏའེ་པིང་གིས། གོ་ལ་ཧྲིལ་པོའི་འབྲུ་རིགས་དང་ཞིང་ལས་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། དེ་བས་དྲང་གཞག་གི་ཞིང་ལས་ཚོང་དོན་སྒྲིག་ལམ་བཏོད་དེ་བདེ་འཇགས་བརྟན་ལྷིང་དང་སྒོ་དབྱེ་བསྟུན་མཁས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་འབྲེལ་ཐག་འཛུགས་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལུགས་དང་མི་མཐུན་པའི་ཞིང་ལས་ཁ་གསབ་མེད་པར་བཟོ་བ་དང་། འགན་འཁུར་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་འཛའ་ཐང་འཕར་ཆག་སོགས་ཕྱི་ཕྱོགས་རྒྱུ་རྐྱེན་གྱིས་རྐྱེན་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་བཟོས་པའི་རྡབ་རྡེག་ཉུང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།