ཛ་དྲག་གི་དྲན་སྐུལ། ཚང་མས་ཡིན་གཅིག་དོགས་ཟོན་གནང་དང་།
ཉེ་ཆར། ས་ཁུལ་ཁག་ཏུ་ཞབས་འདེགས་པར་བརྫུས་ནས་གནམ་གྲུའི་སྤ་སེའི་དུས་ཚོད་སྒྱུར་བར་ཁ་གཡར་བའི་ཁ་བསླུས་ཀྱི་གྱོད་གཞི་མང་པོ་ཐོན་བཞིན་ཡོད་པ་དང་། ཁ་བསླུས་ཀྱི་གྱོད་གཞི་འདིར་ཁ་བསླུས་རྒྱག་མཁན་ཚོགས་པས་འཕྲིན་ཐུང་བསྐུར་བའམ་ཡང་ན་ཁ་པར་ནས་དོ་བདག་དང་འབྲེལ་བ་བྱས་ཏེ། གནམ་གཤིས་སམ་ཡང་ན་གནམ་གྲུར་སྐྱོན་ལྷག་པར་ཁ་གཡར་ནས་དོ་བདག་ལ་གནམ་གྲུའི་སྤ་སེའི་དུས་ཚོད་སྒྱུར་དགོས་པའི་རེ་བ་བཏོན་ཏེ། གུན་གསབ་བྱེད་པའམ་ཡང་ན་དངུལ་སློག་པ་མ་ཟད། རིན་པ་མི་དགོས་པར་དུས་ཐེངས་རྗེས་མར་གནམ་གྲུ་བསྡད་ཆོག་ཅེས་བརྗོད་དེ། དོ་བདག་ལ་དངུལ་ཁང་གཱ་སོགས་ཀྱི་ཆ་འཕྲིན་ཤོད་དུ་བཅུག་གི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ། ལྷ་ས་གྲོང་ཁྱེར་དུ་ཞབས་འདེགས་པར་བརྫུས་ནས་གནམ་གྲུའི་སྤ་སེའི་དུས་ཚོད་སྒྱུར་བའི་ཁ་བསླུས་ཀྱི་གྱོད་གཞི་16ཐོན་པར་ཁྱོན་སྒོར་ཁྲི་270མགོ་སྐོར་ཐེབས་ཡོད་པ་རེད།
ཉེན་རྟོག་པའི་དྲན་སྐུལ།
ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཡག་པོ་སྲུང་བ་ནི་འགག་རྩ་རེད། གལ་ཏེ་ཕ་རོལ་པོས་རང་འགུལ་ངང་ཁ་པར་བརྒྱབ་ནས་རང་ཉིད་འགྲུལ་པར་ཞབས་འདེགས་ཞུ་མཁན་ཡིན་ཟེར་མཁན་ལ་ཡིད་ཆེས་བྱ་མི་རུང་བ་དང་ལྷག་པར་དུ་གནམ་གྲུའི་སྤ་སེ་ཉོ་བ་དང་། སྤ་སེ་ཕྱིར་སློག་པ། སྤ་སེའི་དུས་ཚོད་སྒྱུར་བ་སོགས་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་རིགས་ལ་ངེས་པར་དུ་གཞུང་ཕྱོགས་ཀྱི་ཐབས་ལམ་ནས་ཉོ་ཚོང་བྱེད་དགོས། དྲ་རྒྱའི་ཁ་བསླུས་ལ་རིགས་མང་བས་གནས་དོན་འཕྲད་སྐབས་ཞིབ་བསྡུར་མང་ཙམ་བྱེད་པ་དང་། དངུལ་སྐུར་སྐབས་དོགས་ཟོན་ཆེན་པོ་བྱེད་དགོས་པ་ལས། རང་དགར་དྲ་བའི་སྦྲེལ་མཐུད་གནན་མི་རུང་ལ། དེ་བས་ཀྱང་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་གཱ ར་སྤྲོད་ཨང་རྟགས་སོགས་ཆ་འཕྲིན་གལ་ཆེན་གཞན་ལ་བརྗོད་མི་རུང་།