དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཉིད་འགུགས་མནལ་བདེའི་གསོ་རིག་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-14

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཉིད་འགུགས་མནལ་བདེའི་གསོ་རིག་ལྟེ་གནས་ཀྱི་སྒོ་བྱང་བཀལ་ཞིང་། ལྟེ་གནས་དེར་དབུགས་ལམ་ཚན་ཁག་དང་། སྣའི་ཚན་ཁག རྣ་བའི་ཚན་ཁག མགྲིན་པའི་ཚན་ཁག སྙིང་གི་ཁྲག་རྩའི་ཚན་ཁག ཁོང་ནད་ཚན་ཁག་སོགས་ཀྱི་རིགས་གཅིག་མཁས་ཅན་ཡོད་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱི་གཉིད་ཀྱི་སྤུས་ཚད་ལེགས་སུ་གཏོང་བར་ཕན་བདེ་བསྐྲུན་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། གཉིད་འགུགས་བྱེད་རྒྱུ་དེ་གསོ་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱ་གཞིར་གྱུར་ཡོད། དེའི་ནང་གཉིད་ཁུག་སྐབས་དབུགས་རེ་ཞིག་འགག་པ་དང་གཉིད་མི་ཁུག་པ་སོཌ་ནད་རིགས་90ལྷག་ཡོད་ལ། ནད་རིགས་དེ་དག་ཐོན་ཚད་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་བཅོས་ཐབས་ཀྱི་དགོས་མཁོ་ཡང་ཆེ་རུ་འགྲོ་བཞིན་ཡོད། གཉིད་ཁུག་པར་དཀའ་ངལ་ཡུན་རིང་འཕྲད་ཚེ་དྲན་ཤེས་ཉམས་པ་དང་། སེམས་རྣལ་དུ་མི་བབས་པ། དབང་པོ་རྟུལ་པོ་ཆགས་པ་བཅས་ཀྱི་ནད་རྟགས་ཐོན་པ་མ་ཟད། ད་དུང་སེམས་ཁྲལ་བྱེད་དྲགས་པའི་ནད་དང་ཡིད་མུག་པའི་ནད་སོཌ་སེམས་ཁམས་ཀྱི་ནད་ཕོག་སྲིད་པ་དང་ཚབས་ཆེ་ན་ཁྲག་ཤེད་མཐོ་བའི་ནད་དང་སྙིང་རྩ་འགག་པ་སོགས་ཀྱི་ནད་ཕོག་ནས་མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་། ལས་ཀ སློབ་སྦྱོང་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

    ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་མཁོ་ཆོད་གསོ་རིག་ཁོའོ་ཡི་ཀྲུའུ་རེན་ཝང་ཡུས་ཨེ་ཡིས“གཉིད་འགུགས་མནལ་བདེའི་གསོ་རིག་ལྟེ་གནས་བཙུགས་པ་དེས་གཉིད་འགུགས་མནལ་བདེའི་འབྲེལ་ཡོད་ནད་གཞི་སྨན་བཅོས་དང་དེ་བཞིན་སྨན་ཁང་གི་རིག་ཚན་གྱི་ཤུགས་རྐྱེན་དང་ཞབས་འདེགས་ནུས་པ་ཆེ་རུ་ཕྱིན་ཏེ་གཉིད་ཀྱི་སྤུས་ཚད་ལེགས་སུ་གཏོང་ཐུབ་རྒྱུ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།