དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འདམ་ར་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-14

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱིས《འདམ་ར་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་སྤྱི་ཕན་ཁྲིམས་འཛིན་མཉམ་ལས་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ལ་མིང་རྟགས་ལྷན་དུ་བཀོད་དེ། འདམ་རའི་སྲིད་འཛིན་ཁྲིམས་སྒྱུར་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་དབར་འབྲེལ་མཐུད་ཀྱི་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་འདམ་ར་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྡུས་ནས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ཏེ་འདམ་ར་སྲུང་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཞིབ་དཔྱོད་ལས་ཁུངས་དང་ནགས་ཚལ་རྩྭ་ཐང་སྡེ་ཚན་གྱི་འགན་ནུས་གང་ལེགས་བཏོན་ནས་འདམ་ར་སྲུང་སྐྱོང་གི་ལས་དོན་ལ་སྔར་བས་ཤུགས་རྒྱག་པ་དང་། སྤུས་ཚད་མཐོ་པོས་གཙང་གསུམ་ཆུ་འགོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་འཛུགས་སྐྲུན་དང་འདུན་ཞུ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། འདམ་རའི་སྤྱོད་སྒོར་དོ་དམ་དང་ཚོད་འཛིན་ནན་པོ་དང་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ། འདམ་རའི་སྐྱེ་ཁམས་བདེ་འཇགས་བརྟན་པོ་སྲུང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འདམ་རའི་སྐྱེ་ཁམས་ཀྱི་ཕན་པ་ཐོན་པ་བྱ་རྒྱུ་རེད།

    དེ་དང་ཆབས་ཅིག་རང་བྱུང་སྲུང་སྐྱོང་ཁུལ་དང་གཙོ་གནད་སྐྱེ་ཁམས་ཁུལ་གྱི་གནོད་ཡོད་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་རྒྱུ་དང་གནོད་སྐྱོན་བྱུང་ཚུལ་ལ་དཔྱད་དཔོག་བྱ་རྒྱུར་མཉམ་དུ་ཤུགས་རྒྱག་པ་དང་དུས་ཐོག་ཏུ་བྱེད་ཐབས་ནུས་ལྡན་སྤྱད་དེ་འདམ་རའི་སྐྱེ་ཁམས་མ་ལག་གི་གནོད་འཚེ་སྔོན་འགོག་དང་། ཚོད་འཛིན། མེད་པར་བཟོ་བ་བཅས་བྱེད་པ། རང་བྱུང་འདམ་ར་གང་བྱུང་ཧམ་བཟུང་དང་། གསར་སྦོལ(བསྐོར་བ)སུབ་པ་སོགས་འདམ་རའི་ངོ་བོར་འགྱུར་ལྡོག་གཏོང་བའམ་ཡང་ན་འདམ་ར་བཟུང་སྤྱོད་དང་རང་བྱུང་འདམ་རའི་ཆུ་འགོ་རྩ་བ་ནས་གཅོད་པའི་གནད་དོན་བཅས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱུགས་རིགས་འཚོ་ཐལ་ཤོར་བའམ་ཡང་ན་རི་སྐྱེས་རྩྭ་རྩི་ཤིང་གང་བྱུང་དུ་འཐུ་བ། བཟུང་བཏོན་བྱེད་དྲགས་པའམ་ཡང་ན་རྩ་གཏོར་གཏོང་བའི་འཛིན་འདོན། ཚད་བརྒལ་གྱིས་ལུད་རྒྱག་པ་དང་། སྨན་གཏོར་བ། འབྲིད་ཟས་གཏོར་བ་སོགས་འདམ་རར་སྦགས་བཙོག་བཟོ་བའི་འདེབས་འཛུགས་དང་གསོ་སྤེལ་བྱེད་སྤྱོད་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་རེད།

    《བསམ་འཆར》ལ་མིང་རྟགས་བཀོད་པ་དེས་འདམ་རའི་སྲིད་འཛིན་ཁྲིམས་སྒྱུར་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་དབར་གྱི་འབྲེལ་མཐུད་དེ་བས་ཟབ་ཏུ་བཏང་ནས་འདམ་རའི་སྲིད་འཛིན་ཁྲིམས་སྒྱུར་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་མཐུན་སྦྱོར་རམ་འདེགས་ལ་སྐུལ་འདེད་གཏོང་བ་དང་། འདམ་ར་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་ལ་རམ་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།