དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བདུན་པ་ཨུ་རུ་སུའི་ཡེ་གཱ་ཅེ་ལིན་པའོ་རུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-14

    ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བདུན་པ་ཚེས་11ཉིན་ཨུ་རུ་སུའི་སུ་ཝེར་ཏེ་ལུའོ་ཧྥུའུ་སི་ཁེ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཡེ་གཱ་ཅེ་ལིན་པའོ་རུ་འཚོགས་ཤིང་། ཀྲུང་ཨུའི་དངོས་མང་སྟོན་ཚོགས་2014ལོ་ཚུན་ནས་སྐབས་དྲུག་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། དེ་ནི་མིག་སྔར་ཀྲུང་ཨུ་རྒྱལ་ཁབ་གཉིས་དབར་གྱི་རིམ་པ་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རྣམ་པའི་འགྲེམས་ཚོགས་ཤིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་ས་གནས་དང་ཁེ་ལས་མཉམ་ལས་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་གྱི་ཡོད། སྐབས་འདིའི་དངོས་མང་སྟོན་ཚོགས་རིང་། ཀྲུང་ཨུའི་ས་གནས་མཉམ་ལས་གླེང་སྟེགས་དང་མཉམ་ལས་བགྲོ་གླེང་ཚོགས་འདུ་སོགས་བྱེད་སྒོར་ས་གནས་མཉམ་ལས་ཀྱི་གྲོས་གཞིར་དམིགས་ནས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤུས་ལེགས་རིམ་སྤོར་གྱི་ཐབས་འདོན་ཇུས་འབུལ་བྱེད་ཀྱི་ཡོད་པ་རེད། འདི་ནི་ཟླ་7ཚེས་11ཉིན། ཨུ་རུ་སུའི་ཡེ་གཱ་ཅེ་ལིན་པའོ་གྲོང་ཁྱེར་དུ་གཉེར་བའི་ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ཐོག ལྟ་སྐོར་བས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་འགྲེམས་སྟོན་བྱས་པའི་རླངས་འཁོར་མདུན་དུ་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།