དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཐུས་ཚབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་རི་པིན་ལ་སླར་ཡང་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་པའི་འཆར་གཞི་མཚམས་འཇོག་དགོས་པའི་སྐུལ་འདེབས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-14

    ཚེས་10ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་53པའི་ཚོགས་འདུའི་ཐོག རི་པིན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་སྙན་ཞུར་ཞིབ་དཔྱད་བྱེད་སྐབས་ཀྲུང་གོའི་འཐུས་ཚབ་ཚོགས་པས་གཏམ་བཤད་སྤེལ་ཏེ། རི་པིན་ལ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་རྒྱུའི་འཆར་གཞི་མཚམས་འཇོག་བྱེད་དགོས་པའི་སྐུལ་འདེབས་སླར་ཡང་བྱས་པ་རེད།

    ཀྲུང་གོའི་འཐུས་ཚབ་ཀྱིས་བསྟན་དོན། རི་པིན་ཕྱོགས་ནས་དཔལ་འབྱོར་གྱི་མ་གནས་ལ་བསམ་བློ་གཏོང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་དང་ངོ་རྒོལ་བྱས་པ་སྣང་མེད་དུ་བཏང་སྟེ། ཨ་ན་ཨུ་བཙུགས་ཀྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་རྒྱུའི་ཐག་བཅད་པ་དང་། ཞི་བདེ་རྒྱ་མཚོ་དེ“ས་འོག་ཆུ་འགྲོར”བརྩིས་ཡོད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྙན་ཞུའི་ནང་དོན་ཇི་འདྲ་ཡིན་རུང་། འབྱུང་འགྱུར་ལོ་30ཡི་ནང་རི་པིན་ཕྱོགས་ཀྱིས་ཏུན་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་ཕུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་ཞི་བདེ་རྒྱ་མཚོར་རྒྱུན་ཆད་མེད་པར་གློད་རྒྱུར་འགྱུར་ལྡོག་གཏོང་ཐུབ་ཀྱི་མེད།

    ཀྲུང་གོའི་འཐུས་ཚབ་ཀྱིས་ཀྲུང་གོ་ཕྱོགས་ནས་རི་པིན་ཕྱོགས་ལ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གློད་རྒྱུའི་འཆར་གཞི་མཚམས་འཇོག་བྱས་ཏེ་ཚན་རིག་དང་མཐུན་པ་དང་། བདེ་འཇགས། ཕྱི་གསལ་ནང་གསལ་བཅས་ཀྱི་བྱ་ཐབས་ཐོག་ནས་ཐག་གཅོད་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིར་གཞོགས་འདེགས་བྱས་ཏེ། རི་པིན་གྱི་ཁྱིམ་མཚེས་རྒྱལ་ཁབ་སོགས་ཚུད་པའི་ཁེ་ཕན་འབྲེལ་ཡོད་ཕྱོགས་ཞུགས་པའི་ཡུན་རིང་གི་རྒྱལ་སྤྱིའི་ལྟ་ཞིབ་ཚད་ལེན་ལམ་སྲོལ་ཆ་ཚང་ཞིག་གང་མགྱོགས་འཛུགས་རྒྱུའི་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།