སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས།
—— བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས་བརྗོད་དོན་གཙོ་བོའི་སློབ་གསོའི་ཐད་བླང་བྱ་ཁ་གསལ་བཏོན་པ་དང“སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི”ཐད་འཆད་འགྲེལ་གཏིང་ཟབ་གནང་སྟེ“ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་དང་། རང་འགན་ནན་སྒྲུབ། འགན་འཁྲི་ཁུར་ཕོད་པ། ཞུམ་མེད་མདུན་སྐྱོད། འཐབ་རྩོད་བྱེད་ཕོད་པ་བཅས་བྱེད་དགོས་པ་དང་། ཡང་སྒྲུབ་ལྗིད་ཡོལ་དང་། རང་འགན་གཞན་དཀྲི། ཁྲལ་སེལ་སླ་བཅོས། ཉི་མ་གང་འཁྱོལ་སོགས་ཀྱི་སྒྱིད་ལུག་གི་སྣང་ཚུལ་བཅོས་སྒྲིག་ནན་པོ་བྱས་ནས་རང་འགན་ཐེག་པ་འཁུར་ལེན་དང་བྱས་རྗེས་འཇོག་པར་ལྕག་སྐུལ་དང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི”ནན་བཤད་གནང་བ་རེད།
ལམ་ནི་སྐྱོད་པ་ལས་གྲུབ་པ་དང་། བྱ་གཞག་ནི་སྒྲུབ་པ་ལས་བྱུང་བ་ཞིག་རེད། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གཞན་གྱི་སྔོན་ལ་སྐྱོད་ཕོད་པ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རང་འགན་ཐེག་པ་འཁུར་ལེན་ཧུར་ཐག་དང་། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་བྱས་ཚེ་ད་གཟོད་གཞི་ནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་རྒྱལ་ཁའི་ངང་སྐུལ་འདེད་གཏོང་ཐུབ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། “ངེས་པར་དུ་གསུམ”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། གནད་དོན་ལ་དམིགས་པ་དང་དཀའ་ངལ་ཁྱད་བསད། ནུས་ཤུགས་ཡོད་རྒུས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགན་འཁྲི་ཇི་ཙམ་འཁུར་ཐུབ་ན་དེ་ཙམ་གྱིས་བྱ་གཞག་ཆེན་པོ་སྒྲུབ་ཐུབ་པ་དང་འགན་འཁྲི་ཇི་ཙམ་ཆེ་ན་གྲུབ་འབྲས་ཀྱང་དེ་ཙམ་གྱིས་ཆེ་བ་ཐོབ་ཐུབ”ཅེས་ནན་བཤད་གནང་ཡོད། ད་ལྟ་རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དེ་བས་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ལྡན་པས། གཏིང་རིམ་གྱི་འགལ་ཟླ་མི་ཉུང་བ་ཞིག་གཡོལ་ཐབས་མེད་ལ་གཟུར་ཐབས་ཀྱང་མེད། གལ་ཏེ་འགན་འཁྲི་ཕྲག་ཏུ་མི་འཁུར་བ་དང་། ལས་དོན་མི་སྒྲུབ་པ། ལག་ལེན་བསྟར་ནུས་དང་འཐབ་འཛིང་ནུས་པ་མེད་ན། བྱ་བ་འགྲུབ་མི་ཐུབ་པ་མ་ཟད། ནོར་འཛོལ་དང་འཐུས་ཤོར་ཡོང་བའང་གཏན་འཁེལ་ཞིག་རེད། ལས་ཀ་སྒྲུབ་པ་དང་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་ནི་ལས་བྱེད་པའི་འགན་འཁྲི་ཡིན་ལ་རིན་ཐང་གནས་སའང་ཡིན། ཏང་གིས་ལས་བྱེད་པ་ལས་གནས་སོ་སོར་འཇོག་དོན་ནི་ཚང་མས་ལས་དོན་སྒྲུབ་འགན་འཁུར་དགོས་པ་ལས། དཔོན་པོ་བྱས་ནས་སྐྱིད་པོ་བྱེད་རྒྱུ་དེ་མིན། ལས་ཀ་བྱས་ན་ཉེན་ཁ་ཡོད་པ་ནི་གཏན་འཁེལ་རེད། དེས་ན་ཉེན་ཁ་ཡོད་པའི་རྐྱེན་གྱིས་འགན་འཁྲི་འཁུར་དགོས་ཀྱི་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་བརྒྱུད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དགོངས་པ་སློབ་སྦྱོང་དང་། བྱ་སྤྱོད་ཐོག་འཁྱོལ་བ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་ཟོན་དང་སེལ་བའི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། འགན་འཁུར་ཕོད་པ་དང་། ལས་དོན་སྒྲུབ་མཁས་པ། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས། ཏང་དང་མི་དམངས་ལ་ཕན་པའི་བྱ་བ་ཡིན་ཕྱིན། བྱ་བ་སྒྲུབ་སྐབས་དཀའ་ངལ་ལ་མི་འཛེམས་པ་དང་། འོས་འགན་གཞན་ལ་མི་དཀྲི་བ། བློ་ཁོག་ཆེན་པོ་དང་སེམས་ཐག་ཆོད་པོས་སྒྲུབ་པ་བཅས་དགོས། དེ་ནི“རྒྱལ་ཁབ་དང་ནི་དམངས་ལ་ཕན་འགྱུར་ན། རང་སྲོག་ཤོར་ཡང་གནོང་འགྱོད་སྤུ་ཙམ་མེད”ཅེས་པ་ལྟར་རེད།
གུང་ཁྲན་ཏང་ཡོན་གྱིས་དུས་དང་རྣམ་པ་ཀུན་ཏུ་ལོག་བཤད་ལ་ཡིད་མི་རྟོན་པ་དང་། གདོན་འདྲེར་མི་སྐྲག་པ། དཔའ་མི་ཞུམ་པའི་དཔའ་ཉམས་དང་། ལ་རྒྱ། བློ་ཁོག་བཅས་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འཐབ་ཇུས་ཐད་རིག་པ་དྭངས་གསལ་ཡོང་བ་བྱས་ཏེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདེང་ཚོད་ཡོད་པ་བྱེད་དགོས། འཐབ་ཇུས་ཀྱི་གདེང་ཚོད་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་གདིང་ཤུགས་ཆེ་རུ་གཏོང་དགོས། འཐབ་ཇུས་ཀྱི་རང་འགུལ་རྒྱུན་འཁྱོངས་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་ཕོད་པ། དྲག་ཆར་རླུང་འཚུབ་གང་འདྲ་ཞིག་འཕྲད་ཀྱང་གདོང་གཏད་ཕོད་པ་དང་ཉེན་ཁ་དང་འགྲན་སློང་གང་འདྲ་ཞིག་འཕྲད་ཀྱང་དེ་ལས་རྣམ་པར་རྒྱལ་ཐུབ་པ་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། འཐབ་རྩོད་ཀྱི་ཞུན་བརྡར་ལ་རང་རྟོགས་ངང་ཤུགས་སྣོན་བརྒྱབ་སྟེ་གོ་སྐབས་རག་སྐབས་རང་འགུལ་ངང་དམ་འཛིན་བྱེད་པ་ལས། ཐེ་ཚོམ་དང་བབ་ལྟ་བྱེད་རྒྱུ་མེད། དཀའ་ངལ་འཕྲད་སྐབས་ཞུམ་མེད་མདུན་སྐྱོད་བྱེད་པ་ལས། འགན་འཁྲི་ཕར་དཀྲི་ཚུར་དཀྲི་དང་ཕར་གཡོལ་ཚུར་གཡོལ་བྱེད་རྒྱུ་མེད། ཉེན་ཁ་འཕྲད་སྐབས་ཁ་གཏད་ཧུར་ཐག་གཅོག་པ་ལས། བག་འཁུམས་སྐྲག་སྣང་དང་དེར་གཡོལ་རྒྱུ་མེད། འཐབ་རྩོད་ཁྲོད་ནས་འཐབ་རྩོད་བྱེད་ཤེས་པ་དང་། འཐབ་རྩོད་ཁྲོད་ནས་འཚར་ལོངས་ཡར་རྒྱས་ཡོང་བ་བྱས་ཏེ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་དཔའ་རྟུལ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱས་ཏེ་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས།
འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་ལྕག་སྐུལ་དང་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཧུར་སེམས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་བར་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ”མཐའ་འཁྱོངས་བྱེད་པ། ལྕག་སྐུལ་ལམ་སྲོལ་དང་ནོར་འཛོལ་རུང་ལ་ནོར་འཛོལ་ཡོ་བསྲང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རང་འགན་ཐེག་པ་འཁུར་ལེན་དང་ལས་སྒྲུབ་ལས་གཏོད་མཁན་ལ་གར་སྟེགས་ཡངས་པོ་མཁོ་འདོན་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རྩ་འཛུགས་ལ་དེ་བས་ཡིད་ཆེས་དང་རྩ་འཛུགས་ལ་དེ་བས་བརྟེན་དུ་འཇུག་པ། བློ་གཅིག་སེམས་གཅིག་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་སེམས་ཤུགས་ཆེན་པོས་རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས། ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་འཐབ་རྩོད་ཁྲོད་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་པར་སྣང་ཆེན་བྱས་ཏེ། འཇོན་ཐང་ཡོད་པ་རྣམས་བློ་ཁོག་ཆེན་པོས་བེད་སྤྱོད་དགོས།
རྒྱང་ལམ་རིང་མོར་སེམས་ཤུགས་ཆེན་པོས་བསྐྱོད། ལས་འགན་ལྕི་པོ་འཁུར་ནས་བསྐྱར་དུ་འབད། རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་སྐྱོད་ལམ་བུ་ཞིག་ཡིན་པར་བརྟེན་མགྱོགས་ལམ་མེད་པར་དངོས་སྒྲུབ་བྱེད་རྒྱུ་ལས་མ་འདས། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་ཏང་དང་མི་དམངས་ཆེད་ལས་འགན་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་ཁུར་ཏེ་ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ཚེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ཁྲོད་འོད་སྟོང་གསར་པ་དང་ལས་རྗེས་གསར་པ་གཏོད་ཐུབ་ངེས་རེད།