མཚོ་སྔོན་པོ་སྐོར་བའི་འགྲན་མཚམས་གསུམ་པའི་འགྲན་བསྡུར་ཐོག་ཀྲུང་གོའི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་ཐོབ་པ།
འདི་ནི་ཟླ་7ཚེས་11ཉིན་ནོར་ཝེ་COOPལེ་ཕུའུ་སོར་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ལེ་ལི་སི་ཐའོ་ཕུའུ·སའེ་ཏི་ལེ་ཁེ(གཡོན)དང་ཁོ་ལོམ་པི་ཡའི་མན་ཏེ་ལིན་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ལེ་ཡཱ་སི·ཨོར་ཐེ་ཅཱ·ཨར་ཏེ་མར་འགྲན་བསྡུར་བྱེད་བཞིན་པ།
ཚེས་11ཉིན་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་གསུམ་པའི་ཁྲི་ཀ་ནས་དགོན་ལུང་བར་གྱི་འགྲན་བསྡུར་མཇུག་འགྲིལ་ཞིང་། དབྱི་ཐ་ལིའི་ཁེ་ལུའོ་ཏི་ཁེ་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་པར་ཏ་ཅི་ཉི་ཡིས་སྐར་ཆ་གཅིག་གི་མགྱོགས་པའི་ཐོག་ནས་ཨང་དང་པོ་བླངས་པ་རེད།
ད་ཐེངས་འགྲན་བསྡུར་ལ་ལམ་ཐག་སྤྱི་ལེ་201.12ཡོད་པ་དང་ཁྱོན་བདམས་ཐོན་པ་149ཞུགས་པ་རེད།
ཀྲུང་གོ་ཧྭ་ཤིན་ཀྲོའུ་ཅི་རུ་ཁག་གི་ཀྲུང་གོའི་བདམས་ཐོན་པ་ལུའུ་ཤན་ཅིང་གིས་ཨེ་ཤེ་ཡའི་བདམས་ཐོན་པ་ཡག་ཤོས་ཀྱི་གྲུབ་འབྲས་རྒྱུན་འཁྱོངས་ཐུབ་ཡོད།
འགྲན་བསྡུར་ཚར་རྗེས། ལུའུ་ཤན་ཅིང་གིས“རོགས་པ་ཚོས་གཞོགས་འདེགས་ཡག་པོ་བྱས་སྟབས། ངའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་སོང་། མཇུག་གི་འགྲན་བསྡུར་ནང་གྲུབ་འབྲས་དེ་བས་ཡག་པོ་ཐོབ་པའི་རེ་བ་ཡོད”ཅེས་བཤད།
ཚེས་12ཉིན་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་དགོན་ལུང་ནས་འཇུ་ལག་བར་གྱི་འགྲན་མཚམས་བཞི་པ་འགོ་ཚུགས་པ་རེད།