དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་སུའུ་ཧའེ་ཨན་དུ། ཕྱིར་གཏོང་ཐོན་རྫས་བཟོ་བའི་ལས་ལ་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-13

    ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ནན་མོ་གྲོང་རྡལ་གྱིས་གནད་སྨིན་ཇུས་བསྟར་བྱས་ཏེ་ལག་རྩལ་ཤེས་ལྡན་པ་ནང་འདྲེན་བྱེད་ཚད་མང་དུ་གཏོང་བ་དང་། ཁེ་ལས་ཀྱི་ཐོན་རྫས་རིམ་སྤོར་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ནས་ཁེ་ལས་སྤུས་འབོར་གཉིས་ལྡན་ཡོང་བར་སྐུལ་མ་བཏང་ཡོད།

    འདི་ནི་2023ལོའི་ཟླ་7ཚེས་9ཉིན། ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ནན་མོ་གྲོང་རྡལ་ཀའོ་དབྱང་གྲོང་ཚོར་ལས་མིས་ཅང་སུའུ་སི་ཐེར་འཕྲུལ་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་ཨེ་ཤེ་ཡ་ཤར་ལྷོར་ཕྱིར་གཏོང་བྱ་རྒྱུའི་ཐོན་རྫས་ལས་སྣོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།