དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིའི་མྱུལ་ཞིབ་གནམ་གྲུས་ཁྲའོ་ཞན་གྱི་ཆེད་གཏོགས་དཔལ་འབྱོར་ཁུལ་ལ་བཙན་འཛུལ་ཐེངས་མང་བྱས་པར་ཁྲའོ་ཞན་གྱིས་རྒོལ་གཏམ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-13

    ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲེང་གིས། ཚེས་10དང་11ཉིན་གསལ་བསྒྲགས་བསྟུད་མར་སྤེལ་ཏེ། ཨ་རིའི་མཁའ་དམག་གི་འཐབ་ཇུས་མྱུལ་ཞིབ་གནམ་གྲུས་ཚེས་10ཉིན་ཁྲའོ་ཞན་ཤར་རྒྱུད་མཚོ་ཁོངས་སུ་ཡོད་པའི་ཁྲའོ་ཞན་ཕྱོགས་ཀྱི་དཔལ་འབྱོར་ཆུ་ཁོངས(ཆེད་གཏོགས་དཔལ་འབྱོར་ཁུལ)ལ་བཙན་འཛུལ་ཐེངས་མང་བྱས་པར་རྒོལ་གཏམ་བཏང་བ་རེད།

    གསལ་བསྒྲགས་ནང་ཨ་རི་ཕྱོགས་ལ་ཐ་ཚིག་བསྒྲགས་ཤིང་། གལ་སྲིད་སླར་ཡང་དོན་རྐྱེན་དེ་རིགས་ཐོན་ཚེ། ཁྲའོ་ཞན་ཕྱོགས་ཀྱིས་ཡ་ལན་བསློག་རྒྱུ་ཡིན་ཞེས་བརྗོད་ཡོད།

    ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ད་དུང་ཁྲའོ་ཞན་རྒྱལ་སྲུང་ཧྲེང་གི་མགྲིན་ཚབ་པས་ཚེས་10ཉིན་གསལ་བསྒྲགས་སྤེལ་ནས་ཨ་རིའི་དམག་དོན་མྱུལ་ཞིབ་བྱ་སྤྱོད་ཀྱིས་ཁྲའོ་ཞན་གྱི་བདག་དབང་ལ་བཙན་གནོད་བྱས་པར་རྒོལ་གཏམ་བཏང་ཡོད་ཅེས་བརྗོད་ཡོད།

    གསལ་བསྒྲགས་ནང་ཉེ་དུས་ཨ་རིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཁའ་དབྱིངས་མྱུལ་ཞིབ་སྟོབས་ཤུགས་གཅིག་སྡུད་ཐོག་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དང་དེ་བཞིན་དེའི་མཐའ་འཁོར་ས་ཁུལ་དུ་སྔར་བྱུང་མ་མྱོང་བའི་གཞི་ཁྱོན་ཆེ་བའི་དགྲར་འཛིན་རང་བཞིན་གྱི་མྱུལ་ཞིབ་བྱ་སྤྱོད་སྤེལ་ཡོད་ཅེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།