དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཡོངས་ཀྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་མཚམས་ཕྱི་ནང་གི་ལམ་ཐིག་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་ཕྱིར་ལོག་དུས་གཏན་མེ་འཁོར་ཤིས་ཨན་དུ་འབྱོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-13

    ཟླ་7ཚེས་9ཉིན་རླངས་འཁོར་གྱི་ལྷུ་ལག་དང་། གློག་རྡུལ་ཡོ་བྱད། བྱུག་རྫས། སྦི་རག་སོགས་དངོས་ཟོག་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་X8008ཤིས་ཨན་རྒྱལ་སྤྱིའི་གྲུ་ཁར་འབྱོར་བ་དེ་ཐོག་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་མཚམས་ཕྱི་ནང་གི་ལམ་ཐིག་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་དུས་གཏན་མེ་འཁོར་ཐོག་མར་ཤར་གཏོང་ཐུབ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་དོན་སྤེལ་རེས་ལ་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

    འདི་ནི་ཟླ་7ཚེས་10ཉིན་པར་བླངས་པའི་འཇར་མན་གྱི་ཏུའུ་དབྱི་སི་པའོ་ནས་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ས་ཚིགས་སུ་ལོག་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་X8008ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།