དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་མང་པོའི་གཞོན་ནུ་ཚན་རིག་མཁས་ཅན་ཤིན་ཅང་དུ་འཛོམས་ནས“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་མཉམ་ལས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-13

    འདི་ནི་ཟླ་7ཚེས་8ཉིན་པར་བླངས་པའི་2023ལོའི་དར་གོས་ལམ་བུའི་སྐྱེ་ཁམས་དང་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གཞོན་ནུ་ཚན་རིག་མཁས་ཅན་གྱི་གླེང་སྟེགས་གཉེར་ཡུལ་ཡིན་པ།

    ཚེས་8ཉིན། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2023ལོའི་དར་གོས་ལམ་བུའི་སྐྱེ་ཁམས་དང་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གཞོན་ནུ་ཚན་རིག་མཁས་ཅན་གྱི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་གཉེར་ཞིང་། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་མཁས་དབང་དང་ཁེ་ལས་མཁས་ཅན་གྱི་འཐུས་མིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་ལ་གྲོས་འགོ་བཏོན་ནས་ལྗང་མདོག་དར་གོས་ལམ་བུའི་འཕེལ་རྒྱས་ལ་ཐུན་མོང་ཐོག་རམ་འདེགས་བྱས་པ་རེད།

    དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་ཡིན་པའི་ཤིན་ཅང་དེ་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མ་དང་འབྲེལ་ཡོད་པས་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་དམིགས་བསལ་གྱི་ས་བབ་ལེགས་ཆ་ལྡན་ཡོད། རྒྱལ་སྤྱི་ཡོ་རོབ་དང་ཨེ་ཤེ་ཡ་ཚན་རིག་ཁང་གི་ཡོན་ཧྲི་ཀྲང་ཅིང་ཨན་གྱིས་ཤིན་ཅང་དང་མཐའ་འཁོར་ས་ཁུལ་གྱི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གཞོན་ནུ་ཚན་རིག་མཁས་ཅན་དེ་བས་མང་བ་རིག་གཞུང་སྤེལ་རེས་མཉམ་ལས་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་ལ་ཐུན་མོང་ཐོག་གྲོས་བསྡུར་དང་ཐག་གཅོད་བྱས་ཏེ་སྐྱེ་ཁམས་དང་ཐོན་ཁུངས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་གསར་གཏོད་ཇུས་གཞི་མཁོ་འདོན་བྱེད་དགོས་ཞེས་བརྗོད་པ་རེད།

    ཐེན་ཧྲན་རི་རྒྱུད་ཀྱི་ཤར་ནུབ་ཀྲུང་གོ་དང་། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་རྒྱལ་ཁབ་བཞི་དང་འབྲེལ་ཡོད། ཉེ་བའི་ལོ་ཤས་རིང་ཨུ་ཟ་བྷེ་ཁི་སི་ཐན་ཚན་རིག་ཁང་གི་རྩི་ཤིང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡོན་ཧྲི་ཁོའོ་སྨིར་ཆུང·ཐུའོ་ཅི་པ་ཡེ་ཕུའུ་ཡིས་ཀྲུང་གོའི་ལས་རོགས་དང་མཉམ་ལས་དམ་ཟབ་བྱས་ནས་ཐེན་ཧྲན་རི་རྒྱུད་ཀྱི་སྐྱེ་ཁམས་ཞིབ་འཇུག་དང་སྲུང་སྐྱོང་ལ་ཐུན་མོང་ཐོག་གཞོལ་ཡོད་ཅེས་བརྗོད་པ་རེད།

    “ཐེན་ཧྲན་རི་རྒྱུད་དུ་རང་བྱུང་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། རྒྱལ་ཁབ་ཁག་གི་མཁས་དབང་ཚོས་དེར་ཞིབ་འཇུག་བྱེད་སྟངས་འདྲ་ཡི་མེད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་དང་ཀྲུང་གོས་ཚན་རིག་མཉམ་ལས་དེ་བས་མང་བ་བྱས་ནས་མཉམ་དུ་ཐེན་ཧྲན་རི་བོ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ཡག་པོ་བྱེད་དགོས” ཞེས་བརྗོད་པ་རེད།

    གླེང་སྟེགས་ཐོག་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཞིང་ཆུ་འདྲེན་པ་དང་ཆུ་བེད་གནད་དོན་གྱི་ཚན་རིག་ཞིབ་འཇུག་སུའོ་ཡི་ཚོད་ལྟ་ཁང་གི་ཀྲུའུ་རེན་ཅ་ཕུའུ་ལུའོ་ཕུའུ·ཁུའུ་སེན་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་དམིགས་ནས་ཆེད་དོན་ངོ་སྤྲོད་བྱས་པ་རེད། ཁོང་གིས“གནམ་གཤིས་འགྱུར་ལྡོག་ལ་ས་མཚམས་ཀྱི་དབྱེ་བ་མེད། འཁྱགས་རོམ་བཞུར་བ་དང་། ཐན་པ་བསྟན་པ། ཅན་དུ་གྱུར་པ། འབྲུ་རིགས་བདེ་འཇགས་སོགས་རྒྱལ་སྤྱིའི་གྲོས་གཞི་གལ་ཆེན་དང་འབྲེལ་བ་ཡོད་པས་ང་ཚོས་ཀྲུང་གོ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་སོགས་དང་མཉམ་དུ་ཁ་གཏད་ཧུར་ཐག་གཅོག་དགོས”ཞེས་བརྗོད་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་ཀྱིས་རྒྱལ་ཁབ་ཁག་གི་གཞོན་ནུ་དང་མཁས་དབང་དབར་སྤེལ་རེས་གཏིང་ཟབ་བྱེད་པར་གོ་སྐབས་བསྐྲུན་ཡོད། “གྲངས་གཞི་ཆེན་པོའི་གོ་ལ”ཞེས་པའི་རྒྱལ་སྤྱིའི་ཚན་རིག་འཆར་གཞི་དེ་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་གྲོས་འགོ་བཏོན་པ་དང་རྒྱལ་སྤྱིའི་རྩ་འཛུགས་དང་སྒྲིག་གཞི་10ལྷག་ཙམ་གྱིས་ཐུན་མོང་ཐོག་འགོ་རྩོམ་པ་དང་། གོ་ལ་ཧྲིལ་པོའི་ཚན་རིག་མཁས་ཅན་དང་སྒྲིག་གཞིའི་དབར་མཉམ་ལས་བརྒྱུད་དེང་རབས་ཀྱི་ལག་རྩལ་སྤྱད་དེ་སའི་གོ་ལའི་ཡུལ་དུས་ཀྱི་གྲངས་གཞི་ཆེ་མོ་བསྡུ་སྒྲིལ་བྱས་ནས་ཚེ་སྲོག་གི་འགྱུར་ལྡོག་དང་། ས་ཁམས་ཀྱི་འགྱུར་ལྡོག གནམ་གཤིས་ཀྱི་འགྱུར་ལྡོག་བཅས་དང་དངོས་པོའི་འགྱུར་ལྡོག་དབར་གྱི་འབྲེལ་ཡོད་ཚན་རིག་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།