དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས།

    “གློག་བརྙན+སྒྲོག་འགྲེལ”གྱི་བྱེད་སྒོར་བརྟེན་ནས་དྲིལ་བསྒྲགས་སློབ་གསོའི“གསོན་ཤུགས”འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-12

    འདི་ལོ་ཚུན་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་བསྟན་པ་དང“གློག་བརྙན+སྒྲོག་འགྲེལ”གྱི་བྱ་ཐབས་སྤྱད་དེ་རིག་གནས་དམངས་ཕན་དང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཟུང་འབྲེལ་དམ་ཟབ་བྱེད་པ་དང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་དང་སྲིད་གཞུང་གི་གསུང་སྒྲ་བརྒྱུད་སྤྲོད་བྱས་པས། མང་ཚོགས་ཀྱིས་སྲིད་ཇུས་རྟོགས་པ་དང་བསམ་བློའི་རྨོངས་པ་བསལ་ནས་དྲིལ་བསྒྲགས་སློབ་གསོའི་ལས་དོན་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ་རེད།

    བར་བཀག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བློ་བཟང་བསྟན་འཛིན་གྱིས་གོ་བདེ་ཤེས་སླའི་སྐད་ཆ་ནས་རྫ་ཡུལ་རྫོང་གི་དོན་དངོས་དང་ཉིན་དེར་བསྟན་པའི་རྒྱལ་གཅེས་གློག་བརྙན་གྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་ཕུན་སུམ་ཚོགས་པའི་ནང་དོན་གཏིང་ཟབ་ལ་གོ་སླ་བའི་སྒོ་ནས་དྲིལ་བསྒྲགས་བྱས་པས་གྲོང་མིར་ཕན་པ་ཆེན་པོ་ཐོབ་པ་རེད།

    རྫ་ཡུལ་རྫོང་གི་2023ལོའི་གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་སྟོན་པའི་ལས་དོན་ཟླ་2པ་ནས་དངོས་སུ་འགོ་ཚུགས་ཤིང་། 《ཡཱ་ལུད་ཅང་གཙང་པོ་སྒྲོལ་བ》དང《ལྕགས་ལམ་གྱི་དཔའ་བོ》སོགས་ཕུལ་བྱུང་གློག་བརྙན་14བདམས་པ་དང་། གཞི་རིམ་གྱི་སྒྲོག་འགྲེལ་པ་50ལྷག་ཙམ་སྒྲིག་འཛུགས་བྱས་པ། “གློག་བརྙན+སྒྲོག་འགྲེལ”གྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་གློག་བརྙན་ཐེངས་500ཙམ་བསྟན་པ་དང་ལྟ་མཁན་མི་ཁྲི་2ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།