དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གིས་བརྗོད་དོན།

    རྒྱལ་ཁབ་མང་པོ་འབོ་སེར་ལམ་སྲོལ་ནང་ཞུགས་རྒྱུའི་རེ་ཞུ་བྱས་པ་དེ་ནི་འདི་ལོའི་དབུ་ཚོགས་ཀྱི་གྲོས་གཞི་གཙོ་བོའི་གྲས་ཤིག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མར་ཕུའུ་སཱ་ཡིས་རྒྱལ་ཁབ་མང་པོ་ཞིག་གིས་འབོ་སེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནང་ཞུགས་རྒྱུའི་རེ་ཞུ་བྱས་པ་དེ་ནི་ཟླ་8པར་གཡོད་ཧན་ནེ་སི་པའོ་རུ་འཚོག་རྒྱུའི་འབོ་སེར་དབུ་ཚོགས་ཀྱི་གྲོས་གཞི་གཙོ་བོའི་གྲས་ཤིག་རེད་ཅེས་བརྗོད།

    ལཱ་མར་ཕུའུ་སཱ་ཡིས། ཉིན་དེར་སྲིད་འཛིན་ཏང་ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་རྒྱལ་ཡོངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཞིག་གི་ཐོག་སྨྱན་སྦྱོར་ལ། འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པ་དེ་ནི་དྲ་ཕྱིའི་དབུ་ཚོགས་ཤིག་ཡིན་པས“ང་ཚོས་འབྲེལ་ཡོད་དབུ་ཚོགས་ཀྱི་ཇུས་འགོད་ལ་གྲོས་བསྡུར་བྱེད་བཞིན་ཡོད”ཅེས་བརྗོད།

    འབོ་སེར་རྒྱལ་ཁབ་ནང་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར། པར་ཙིར། ལྷོ་ཨ་ཧྥེ་རི་ཁ་བཅས་རྒྱལ་ཁབ་5ཚུད་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། བྷང་ག་ལ་དང་། ཨེ་ཅིབ། དབྱི་རན། ཨ་ཀེན་ཐིན། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ནི་ཀྲེ་རི་ཡ། ཨེ་ཙེ་ཨོ་ཕི་ཡ་སོགས་རྒྱལ་ཁབ་ཀྱིས་ཉེ་དུས་འབོ་སེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནང་ཞུགས་རྒྱུའི་རེ་ཞུ་བྱས་ཡོད།

    ལཱ་མར་ཕུའུ་སཱ་ཡིས། འབོ་སེར་དབུ་ཚོགས་ཀྱིས་ད་དུང་ས་འབྲེལ་གནས་བབ་ལ་དམིགས་པ་དང་། ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཨ་ཧྥེ་རི་ཁར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རོགས་བྱེད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱ་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།