དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སི་ཁྲོན་ཁྲེང་ཏུའུ་ནས“ལན་མེ་རུང་ཨོ་ཡི་མྱུར་བགྲོད་མེ་འཁོར”ཐེངས་དང་པོ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-12

    2023ལོའི་ཟླ་7ཚེས་7ཉིན། རླངས་འཁོར་གྱི་ལྷུ་ལག་བླུགས་པའི“ལན་མེ་རུང་ཨོ་ཡི་མྱུར་བགྲོད་མེ་འཁོར”སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཆིང་པའེ་ཅང་ཆུས་ཀྱི་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནས་ཐེངས་དང་པོ་བཏང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། མེ་འཁོར་དེ་ནི་ཐེ་ལན་གྱི་ལུའོ་ཡུང་ནས་ཐོན་ཏེ། ལམ་བར་དུ་ཀྲུང་ལོའི་ལྕགས་ལམ་ལོ་སིའི་ཝན་ཐེན་ནས་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་བརྒྱུད་ཀྲུང་ཡོའི་དུས་གཏན་མེ་འཁོར་དང་མཐུད་སྦྲེལ་བྱས་ནས་ཡོ་རོབ་ཏུ་སྐྱོད་ཀྱི་ཡོད་པ་དང་། ཟླ་7ཚེས་17ཉིན་འབྱོར་ས་ཧང་ག་རིའི་གྲོང་ཁྱེར་པུ་ཏ་ཕེ་སིར་འབྱོར་གྱི་ཡོད་པ་རེད།

    འདི་ནི་རླངས་འཁོར་གྱི་ལྷུ་ལག་བླུགས་པའི“ལན་མེ་རུང་ཨོ་ཡི་མྱུར་བགྲོད་མེ་འཁོར”སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཆིང་པའེ་ཅང་ཆུས་ཀྱི་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནས་ཐེངས་དང་པོར་ཐོན་པའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།