ཐང་ཀའི་མཛེས་ཉམས།
ཐང་ཀ་རྒྱལ་ལྡན་རྒྱལ་ཁབ་ནི་ཞི་བདེ་རྒྱ་མཚོའི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། གླིང་ཕྲན་170ལྷག་ཙམ་ལས་གྲུབ་ཡོད། ཐང་ཀ་ནི་ཚ་ཁུལ་དུ་གནས་པས་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་གྱི་གནམ་གཤིས་ཁོངས་སུ་གཏོགས་ཀྱི་ཡོད། ཐང་ཀའི་གླིང་ཕྲན་གྱི་མཛེས་ལྗོངས་དང་ཡངས་ཤིང་རྒྱ་ཆེ་བའི་མཚོ་ཁོངས་ཀྱི་མཛེས་ལྗོངས་མང་པོས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པས་ཡུལ་སྐོར་ལས་རིགས་ནི་ཐང་ཀའི་ཕྱི་དངུལ་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་རེད།