དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིས་ཕྱེད་གླིང་ས་ཁུལ་ལ་འཐབ་ཇུས་ཀྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུ་གཏོང་རྩིས་བྱེད་པར་ཁྲའོ་ཞན་གྱིས་རྒོལ་གཏམ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲོའར་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་ནས་ཚེས་10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་10ཉིན་ཁྲའོ་ཞན་རྒྱལ་སྲུང་ཧྲེང་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས་ཨ་རིས་ཕྱེད་གླིང་ས་ཁུལ་ལ་འཐབ་ཇུས་ཀྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུ་གཏོང་རྩིས་བྱེད་པར་རྒོལ་གཏམ་བཏང་བ་རེད།

    གསལ་བསྒྲགས་ནང་བསྟན་དོན། ཨ་རིའི་རྒྱལ་སྲུང་པུས་ཉེ་ཆར་འཐབ་ཇུས་ཀྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུ་ཁྲའོ་ཞན་ཕྱེད་གླིང་དུ་གཏོང་རྩིས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མདེའུ་བླུགས་པའི་ཨ་རིའི་དམག་གི་འཐབ་ཇུས་ཉིང་རྡུལ་ཆུར་འཛུལ་དམག་གྲུ་བཀོད་སྒྲིག་བྱས་པ་དེ་ཐོག་ནས་1981ལོའི་རྗེས་ཨ་རིའི་འཐབ་ཇུས་ཀྱི་ཉིང་རྡུལ་མཚོན་ཆ་ཕྱེད་གླིང་ས་ཁུལ་དུ་ཐོག་མར་ཐོན་པ་མཚོན་ཡོད།

    གསལ་བསྒྲགས་ནང་བརྗོད་དོན། ཨ་རིས་འཐབ་ཇུས་ཀྱི་ཉིང་རྡུལ་མཚོན་ཆ་ཁྲའོ་ཞན་ཕྱེད་གླིང་ས་ཁུལ་དུ་གཏོང་རྒྱུའི་རེ་ངན་འཆང་བ་ནི་ཁྲའོ་ཞན་དང་མཐའ་འཁོར་རྒྱལ་ཁབ་ལ་མངོན་སུམ་འཛེམས་མེད་ཀྱི་ཉིང་རྡུལ་འཇིགས་སྐུལ་བྱས་པ་ཞིག་རེད་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་ཆེན་པོ་བཟོས་པ་དང་འགྲན་སློང་ཆེན་པོ་བྱས་པ་ཞིག་ཀྱང་རེད།

    གསལ་བསྒྲགས་ནང་ཨ་རིས་ངེས་པར་དུ་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་མཐའ་དག་འཕྲལ་མར་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།