དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཆབ་མདོའི་ཁུལ་གསར་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུར་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-12

    ཉེ་ཆར་ཆབ་མདོའི་ཁུལ་གསར་གྱིས་2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་ནས་ཁུལ་གསར་གྱི་ལོ་བཅུའི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཁུལ་གསར་གྱི་ལོ་བཅུའི་འཕེལ་རྒྱས་གྲུབ་འབྲས་དང་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཚོགས་ཞུགས་ཁེ་ལས་མཁས་ཅན་དང་མཛའ་གཅུགས་ཟབ་མོ་གླེང་བ་དང་། མཉམ་ལས་གཏིང་ཟབ་བྱེད་པ། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་བྱས་པ་རེད།

    འོས་སྦྱོར་ཚོགས་འདུའི་ཐོག་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་གྲོས་མཐུན་9བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་10.3ཟིན་པ་མ་ཟད། བྲག་གཡབ་དང་། སྨར་ཁམས། འཇོ་མདའ་བཅས་དང《ས་གྲོལ་གླིང་ཁུལ》གྱི་མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་ཡང་བཞག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོའི་ཁུལ་གསར་དེ་ཉིད་2013ལོའི་ཟླ་4པར་སྒོ་བྱང་བཀལ་ནས་བཙུགས་ཚུན། ལོ་བཅུའི་རིང་གི་འཕེལ་རྒྱས་བརྒྱུད་ས་མཐོའི་སྐྱེ་དངོས་སྨན་དང་སྨན་རྫས་དང་། ནུས་རྒྱུ་གཙང་མ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་བཅས་གཙོ་བོར་བྱས་པའི་ཐོན་ལས་ཆེན་པོ་བརྒྱད་གྲུབ་ནས“རྒྱལ་ཁབ”རྟགས་ཅན་གྱི་སྤུས་རྟགས་5གྲུབ་འབྲས་ཐོབ་པའི་ངང་བཏོད་ཅིང་། གླིང་ཁུལ་དུ་ད་ཆ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་12ཡོད་པ་དང་། 2021ལོ་ཚུན། ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི་1437.45ཟིན་ཡོད་པ་རེད། མིག་སྔའི་བར་གླིང་ཁུལ་དུ་བཅའ་སྡོད་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་42.48བཏང་བ་དང་མཛོད་འཇུག་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་61ལྷག་ཙམ་ཟིན་ནས་ས་གནས་དེ་གའི་མང་ཚོགས་2000ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།