དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་སྟེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་དགོས།

    —— བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-11

    ཀྲུང་དབྱིན།

    “རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པས‘ལག་ལེན་ལ་གཙིགས་ཆེན་བྱེད་པའི’བླང་བྱ་དོན་འཁྱོལ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་ལས་སྒྲུབ་ཀྱི་སྟོན་ཕྱོགས་ལེགས་བཅོས་དང་། ལས་སྒྲུབ་ཀྱི་སེམས་ཤུགས་ཆེ་རུ་གཏོང་བ། ལས་སྒྲུབ་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་བྱེད་དགོས”ཞེས་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས་དེ་ལྟར་གསུངས་ཤིང་། ཁོང་གིས“སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བར”བླང་བྱ་ཁ་གསལ་བཏོན་གནང་བ་མ་ཟད། “མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས་པ”དང་། “ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བྱེད་དགོས་པ” “དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས་པ”བཅས་ནན་བཤད་གནང་ཡོད།

    སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་དངོས་འབྲེལ་རྟོགས་པར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་ལེན་པ་དང་། དེའི་ནང་འདུས་པའི་འགོ་ཁྲིད་ཀྱི་བྱེད་ཐབས་དང་། བསམ་བློའི་བྱེད་ཐབས། ལས་ཀའི་བྱེད་ཐབས་བཅས་ཁོང་དུ་ཆུད་པ་བྱས་ནས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་ལ་ལྟ་ཞིབ་དང་། དུས་རབས་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་བསྲིང་ལྷོད་མེད་ངང་དོན་འཁྱོལ་ལ་དམ་འཛིན་ནན་པོ། ལས་གནས་ལ་གཞིགས་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

    སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བར། སྔོན་ལ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས། མི་དམངས་ཀྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་ངོ་བོའི་ཁོངས་སུ་གཏོགས་པའི་རང་བཞིན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན། དེས་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ངེས་པར་དུ་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས”སོགས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ་དང་། “མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ”བློ་ལ་བརྟན་པོར་ངེས་ནས། ལས་དོན་ལ་འཆར་འགོད་དང་སྐུལ་འདེད་གཏོང་བར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ངེས་པར་དུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་མཐའ་འཁྱོངས་ཀྱིས་མི་སེར་ཆེད་དུ་བྱ་བ་བཟང་པོ་དང་བྱ་བ་དངོས་ཇི་ཙམ་སྒྲུབ་པ་དེ་སྲིད་དོན་ལས་རྗེས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ལ་བརྩིས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པའི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་ངང་མི་དམངས་ཡོངས་ལ་ཁྱབ་པ་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་ཧུར་ཐག་གཏོད་དགོས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཞིག་རེད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་ལེགས་གཏོང་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་དེ་བས་སྤྱི་འདོམས་བཅས་བྱས་ཚེ། གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ་པ་མ་ཟད། འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་ལྷིང་རང་བཞིན་བརྟན་དུ་གཏོང་ཐུབ་ལ། རང་རྒྱལ་གྱི་འཚོ་གནས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཀྱང་ཆེ་རུ་གཏོང་ཐུབ།

    བྱས་རྗེས་ཚང་མ་ནི་སྒྲུབ་པ་ལས་བྱུང་བ་ཞིག་ཡིན། བྱ་བ་ཏན་ཏིག་བསྒྲུབས་ཚེ། གཞི་ནས་གྲུབ་འབྲས་ཐོན་ཐུབ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པར་ངེས་པར་དུ“བྱེད་ཐབས་ངོ་མ་སྤྱད་ནས་ཕན་འབྲས་དངོས་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་ལས”ཕྱི་མཛེས་ནང་སྟོང་དང་། མགོ་བདེ་སྐབས་འཚོལ། གྲངས་གཞི་རྫུན་མ་བཟོ་བ་བཅས་བྱེད་མི་རུང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་དངོས་འཛིན་དངོས་སྒྲུབ་དང་། དངོས་ཕན་དོན་གཉེར། ལས་དོན་སྒྲུབ་མཁས་པ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དང་ཐེག་པ་འཁུར་ལེན་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་ཁུར་ཏེ་ཕྱི་ཚུལ་ཙམ་གྱི་སྣང་ཚུལ་སྣ་ཚོགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་འགོ་ཁྲིད་ལས་བྱེད་པས་བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་བསམ་བློའི་འཁྱེར་སོ་ཡོད་དགོས་པ་ལས། མིག་མདུན་གྱི་ཁེ་ཕན་ཁོ་ནར་རྔམ་པའི་སྲིད་དོན་ལས་རྗེས་ཀྱི་འདུ་འགོད་མི་གཉེར་བར་བྱས་རྗེས་དེང་འདིར་འཇོག་པ་དང་། ཕན་འབྲས་སྐལ་བརྒྱར་ཐོན་པ། བུ་རབས་ཚ་རྒྱུད་ལ་ཕན་པའི་བྱ་བ་བཅས་མང་ཙམ་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པར་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་མཐའ་འཁྱོངས་བྱེད་དགོས། ཁ་བཤད་ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་ལས། ཉ་བེ་ཉོ་བེ་དང་ཀ་རེ་ཀོ་རེ་བྱེད་མི་རུང་། ཡུན་རིང་གི་ལས་འགན་ཐད་འཐབ་ཇུས་ཀྱི་ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་དང་འཆར་གཞི་ལྟར་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་སྙིང་རུས་གཏན་འཁྱོངས་བྱེད་དགོས། མངོན་ཆུང་གྲུབ་འབྲས་དང་མངོན་ཆེའི་གྲུབ་འབྲས་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ནས་མངོན་ཆེའི་གྲུབ་འབྲས་ཐོབ་པར་བྱེད་དགོས་ལ། མངོན་ཆུང་གྲུབ་འབྲས་ཀྱང་ཐོབ་པ་བྱེད་པ་ལས་འཕྲལ་བདེ་འཕྲལ་ཕན་དང་། ཤ་རྔམ་བ་བསད། དམངས་དུབ་རྒྱུ་ཟད་བཅས་མི་བྱེད་པར་ཏན་ཏན་ཏིག་ཏིག་གི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས།

    རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་འབད་པ་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་གཏོང་དང་། ཏང་གཤིས་ཞུན་བརྡར་དང་ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཚེ། ང་ཚོས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་བཏོད་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།