ཕ་ཁི་སི་ཐན་སྲིད་གཞུང་གིས་བྱེད་སྒོ་སྤེལ་ནས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་བསྐྲུན་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ།
ཕ་ཁི་སི་ཐན་སྲིད་གཞུང་གིས་ཚེས་5ཉིན་རྒྱལ་ས་དབྱི་སི་ལམ་པོའི་ཙུང་ལིའི་ལས་ཤག་ཏུ་བྱེད་སྒོ་སྤེལ་ཏེ་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་བསྐྲུན་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཟླ་7ཚེས་5ཉིན་ཕ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པ་ཚི·ཤེ་ལི་ཧྥུས་རྒྱལ་ས་དབྱི་སི་ལམ་པོར“དར་རྒྱས་གོང་འཕེལ་གྱི་ལམ་བུ--ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་བསྐྲུན་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི”བྱེད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་པ།