དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དག་ཐེར་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དག་ཐེར་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བློ་མཐུན་ཚའེ་ཆི་དང་བློ་མཐུན་ལི་ཀན་ཅེ་ཡི་འབྲེལ་ཡོད་གསུང་བཤད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ཉམས་མྱོང་དང་བྱ་ཐབས་སྤེལ་རེས། གོམ་སྟབས་རྗེས་མའི་དག་ཐེར་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་དེ་བས་ཡག་པོ་སྤེལ་བར་སྐུལ་འདེད་བཏང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས། སྡེ་ཚན་ཁག་དང་ཚན་པ་ཁག་གིས་གནད་དོན་ལ་དམིགས་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིགས་དབྱེ་དག་ཐེར་དང་། ཆེད་དོན་བཅོས་སྒྲིག གྱོད་དཔེ་དབྱེ་ཞིབ་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་དག་ཐེར་བཅོས་སྒྲིག་ལས་དོན་གྱི་དམིགས་སའི་རང་བཞིན་དང་གནད་སྨིན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དག་ཐེར་བཅོས་སྒྲིག་བྱེད་སྐབས་དམངས་ཀྱི་བསམ་འཆར་བསྡུ་ལེན་དང་། རང་སྐྱོན་རང་བརྟག གོང་འོག་མཉམ་འགུལ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ལ་དོ་སྣང་བྱས་ཏེ། བརྒྱུད་རིམ་ལྡན་པའི་བསམ་གཞིགས་དང་བྱ་ཐབས་སྤྱད་ནས་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་མཁས་པོ་བྱེད་དགོས་པ་དང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། སྤྱི་ཡོངས་ནས་སྐུལ་འདེད་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ་ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་དག་ཐེར་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས། དག་ཐེར་བཅོས་སྒྲིག་ལས་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཚང་མར་ཚུར་ལན་ཡོད་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།