དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས།

    ཏང་འཛུགས་སྐྱོང་གིས་ཆུ་བེད་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-07

    2022ལོར། ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས“ཏང་འཛུགས་སྐྱོང་+”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གསར་གཏོད་བྱས་ནས་ཆུ་བེད་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་དང་སྐུལ་འདེད་བཏང་བ་རེད།

    “ཏང་འཛུགས་སྐྱོང་+སྤྱོད་ཚུལ་འཛུགས་སྐྱོང”གིས་ཆབ་སྲིད་ནུས་པ་ཆེ་རུ་བཏང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པ་དང་རྒྱུན་རྣམ་ཅན་གྱི་ཉེན་བརྡའི་སློབ་གསོ་སྤེལ་ནས་ཏང་གཤིས་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཞིང་། ལས་གནས་གཙོ་བོའི་སྲིད་གཙང་གླེང་མོལ་དང་དུས་ཆེན་དང་གུང་གསེང་མ་བཏང་གོང་སྐོང་འདྲི་བྱས་ནས་དྲན་སྐུལ་མཐའ་འཁྱོངས་དང་། སྔ་ས་ཆུང་ས་ནས་དམ་འཛིན་དང་སྐྱོན་ཆུང་དུས་སེལ་བ། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་ལམ་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་བཏོད་ཡོད།

    “ཏང་འཛུགས་སྐྱོང་+རྣམ་གྲངས་འཛུགས་སྐྲུན”གྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་བ། ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྣམ་གྲངས་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ལས་གྲྭ་འཛུགས་སྐྲུན་བྱེད་རིང་གི་དཀའ་གནད་ལ་དམིགས་ནས་འགན་གཙང་འགན་ལེན་ལ་དམ་འཛིན་དང་། ཡང་ནས་ཡང་དུ་བཀོད་གཏོང་། སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཆུ་བེད་ཀྱི་རྣམ་གྲངས་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། 2022ལོར། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་9.71བཏང་སྟེ་ལོ་འཁོར་ལས་འགན་གྱི་108%ལེགས་གྲུབ་བྱུང་ནས་ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུ་བེད་ཀྱི་འགན་ལེན་བྱས་ཡོད།

    “ཏང་འཛུགས་སྐྱོང་+འཐུང་ཆུའི་བདེ་འཇགས”ཀྱིས་སེམས་པ་ཕྱོགས་ཤུགས་ཆེ་རུ་བཏང་བ། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་དུ་ཆེད་དོན་བཅོས་སྒྲིག་བྱས་ནས་འཐུང་ཆུའི་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། “ཆུ་འགན་སྲུང་ཡོད་པ་དང་། ཆུ་སྤུས་ལེགས་སུ་གཏོང་བའི”དམིགས་ཚད་ལ་དམིགས་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་པར་ཤུགས་རྒྱག་པ། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆུ་སྤྱོད་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།