བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས།
སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་བྱས་པས་བརྗོད་དོན་གཙོ་བོའི་སློབ་གསོ་དམངས་སེམས་སུ་ཟུག་པ་དང་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ།
“སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས་དུས་རྒྱུན་དུ་ཚད་གཞི་དང་ཡང་ཡང་བསྡུར་ཏེ་དུས་ཐོག་ཏུ་ནོར་འཁྲུལ་ཡོ་བསྲང་གིས་རང་ངོས་གཞུང་དྲང་དང་སྤྱོད་གཙང་ཡོང་བར་བྱེད་དགོས” ཉིན་ཤས་གོང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཚན་ཁག་གི་ཁོངས་མི། ལས་ཁུངས་ཀྱི་པུའུ་དང་ཚན་པ་ཁག་གི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་བཞིན་ཡོད་པ་རེད། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་ཐོག་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ནས་གནད་དོན་གླེང་བ་དང་། ཞན་ཆ་འཚོལ་བ། བསམ་ཚུལ་བརྗོད་པ། གྲོས་འགོ་འདོན་པ་བཅས་བྱས་པ་རེད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གནད་དོན་ལ་ལྟ་སྐུལ་བྱེད་པར་གཞི་ཚུགས་ཏེ་གནས་ཚུལ་མ་ཐོན་གོང་ནས་ལྟ་སྐུལ་བྱས་ཏེ། རིམ་པ་དང་རིགས་ཕྱེ་ནས་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་དམ་འཛིན་བྱ་གཞིར་བྱས་ནས་འགོ་ཁྲིད་ཀྱི་སྐོང་འདྲི་དང་། “གཅིག་གཏད་གཅིག”གི་ངོ་འཕྲད་གླེང་མོལ། མཉམ་སྡེབ་གླེང་མོལ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བབ་བསྟུན་ངང་སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་བསམ་བློའི་གནས་ཚུལ་དང་། ལས་ཀའི་གནས་ཚུལ། ཁྱིམ་ཚང་གི་གནས་ཚུལ་བཅས་དུས་ཐོག་ཏུ་ཤེས་རྟོགས་བྱས་ཁར་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ནས་ཐོན་ཉེ་བ་དང་ཕྱོགས་ལྷུང་གི་གནད་དོན་སྔ་ཙམ་དྲན་སྐུལ་དང་ཡོ་བསྲང་གིས་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ནན་ཏན་བྱས་ནས“སྒྲོན་འོག་མུན་པ”མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད།
སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་གཏིང་ཟབ་དང་། ཕན་འབྲས་ཆེ་བ། བརྩེ་བ་ལྡན་པ་བཅས་ཡོང་ཆེད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ལས་དོན་པ་ཡོངས་ལ་ཁྱབ་པ་དང་། རིམ་པ་བཞིན་གླེང་མོལ། རིམ་པ་བཞིན་སྤེལ་བའི་རྩ་དོན་མཐའ་འཁྱོངས་བྱས་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོས་ཚན་ཁག་གི་ཁོངས་མི་དང་གྲོས་མོལ་དང་། ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་དང་གྲོས་མོལ། གཞོགས་འདེགས་དོ་དམ་འགོ་ཁྲིད་ཀྱིས་སྡེ་ཚན་གྱི་འགོ་ཁྲིད་གཞོན་པ་དང་གྲོས་མོལ། སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་སྡེ་ཚན་གྱི་ལས་དོན་པ་དང་གྲོས་མོལ་བཅས་བྱས་ནས་སྒྲིག་ཨུད་ཀྱི་ཧྲུའུ་ཅིས་སྤྱི་ཡོངས་ལ་དམ་འཛིན་དང་། ཚན་ཁག་གི་ཁོངས་མིས་གཙོ་གནད་ལ་དམ་འཛིན། པུའུ་དང་ཚན་པ་ཁག་གི་འགན་འཁུར་བས་ཞིབ་ཕྲའི་གནད་དོན་ལ་དམ་འཛིན་བཅས་བྱེད་པའི“གནས་ཐིག་ངོས་གསུམ”གྱི་བང་རིམ་འབྲེལ་གཏུག་གི་གླེང་མོལ་ལམ་སྲོལ་ཞིག་ཆགས་པར་བྱས་པས། སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་ཁྱོན་ཡོངས་ལ་ཁྱབ་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་སྤྱོད་གཙང་དང་རང་འགན་གཙང་སྒྲུབ་བྱེད་དགོས་པའི་ཉེན་བརྡ་གཏོང་ཐུབ་ཡོད།
སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་མངགས་གཏོང་སྒྲིག་གཞིར་ས་ཐག་ཉེ་བ་དང་། གནམ་གཤིས་བཟང་ངན་ལ་བལྟོས་མི་དགོས་པ། རྒྱུན་རྣམ་ཅན་བཅས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངགས་གཏོང་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ཁག་གིས“མངགས་གཏོང”གི་དབང་གྲགས་དང“བཅའ་སྡོད”ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། རྒྱུན་གཏན་གྱི་ལྟ་སྐུལ་ཁྲོད་དམིགས་ས་ཡོད་པའི་སྒོ་ནས་སྔོན་འགོག་དང་། དྲན་སྐུལ། སྙིང་གཏམ་ཤོད་རེས་བཅས་ཀྱི་རྣམ་པའི་ཐོག་ནས་གླེང་མོལ་བྱས་པས་ལས་བྱེད་པར་ལྟ་སྐུལ་ལས་དོན་ཉེ་འགྲམ་དུ་སྤེལ་བའི་ཚོར་སྣང་བྱུང་ཡོད།
ལྗོངས་མི་སྤྱི་ཐིང་དུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ཕྱོགས་བསྡུས་ལྟ་སྐུལ་ཚན་པ་ཁག་གི་ལས་རིགས་དང་ལས་སྒོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་དྲུག་གི་ནང་དོན་ལྔ་བཅུ་ཡོད་པའི་ལྟ་སྐུལ་ལས་ཀའི་གསལ་ཐོ་གསེད་བཀྲོལ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གནད་དོན་ལ་རེ་རེ་བཞིན་ཞིབ་བསྡུར་གྱིས་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་བྱས་པས། ཤེས་རྟོགས་བྱུང་བའི་གནད་དོན་46ལ་དམིགས་ཏེ་གནད་དོན་གྱི་རྩིས་ཁྲ་བཟོས་པ་མ་ཟད། གནད་དོན་ལ་གཞིགས་ནས་དེ་མཚུངས་ཀྱི་དག་ཐེར་དང་ལྟ་སྐུལ་གྱི་ཇུས་གཞི་བཟོས་ཏེ་རྣག་ཐོག་གཙག་འཁེལ་ཡོང་བ་བྱས་པ་རེད།