དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ལས་དོན་ལེགས་སྒྲུབ་ཟིན་པ།

    ཆབ་མདོ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང(ཆུས)ལ་ཚུར་ལན་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ལས་དོན་ལེགས་སྒྲུབ་ཟིན་ནས། ཆབ་མདོ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང(ཆུས)11ལ“གཅིག་གཏད་གཅིག”གི་ཚུར་ལན་སྤྲད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚུར་ལན་ཚོགས་འདུ་ཁག་གཅིག་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    སྐོར་གཟིགས་ཚོགས་ཆུང་4ཡིས་སྐོར་གཟིགས་བྱ་ཡུལ་གྲོང་ཁྱེར་དང་རྫོང་ཁག་ལ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། གྲོང་ཁྱེར་དང་རྫོང་ཨུད་ཀྱི་ཧྲུའུ་ཅིར་སྐོར་གཟིགས་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་གལ་ཆེན་ཚུར་ལན་གནང་བ། འགོ་ཁྲིད་ཚན་ཁག་ལ་སྐོར་གཟིགས་བྱས་ཚུལ་ཚུར་ལན་གནང་བ། ཆབ་མདོ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང(ཆུས)11ལ་ལྷག་པའི་ཡོངས་ཁྱབ་རང་བཞིན་དང་ཐུན་མོང་རང་བཞིན་གྱི་གནད་དོན་བརྡ་ཁྱབ་བཏང་བ་མ་ཟད་དག་ཐེར་ལས་དོན་ཐད་བླང་བྱའང་བཏོན་གནང་བ་རེད།

    ཚུར་ལན་ནང་བསྟན་དོན། ཆབ་མདོ་ནི་ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཏོན་པའི་ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་སྦྲེལ་བའི་འགག་རྩ་ཡིན་པས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། སྐོར་གཟིགས་བྱ་ཡུལ་གྲོང་ཁྱེར་དང་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས། སྤྱི་ཚོགས་སྤྱི་ཡོངས་ཁྱོན་ཡོངས་ནས་བརྟན་ལྷིང་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན། ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ལས་དོན་ཁག་ལ་རྣམ་པ་གསར་པ་ཐོན་ཡོད།

    ཚུར་ལན་ནང་བསྟན་དོན། ཆབ་མདོ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང(ཆུས)ཁག་ཏུ་ད་དུང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་གཏིང་ཟབ་དང་ཏན་ཏིག་མེད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྤྱི་འདོམས་བྱེད་པ་དམིགས་སར་འབྱོར་མེད་པ། ཏང་ལ་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་བྱེད་ཤུགས་མི་འདང་བ། སྤྱོད་ཚུལ་འཛུགས་སྐྱོང་དེ་ཙམ་ཏན་ཏིག་མེད་པ། འགོ་ཁྲིད་ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་ད་དུང་མི་འདང་བ་སོགས་ཀྱི་གནད་དོན་གནས་ཡོད། ལ་ལར་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཧེ་བག་ཡོད་པ་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་ཙམ་གཏིང་ཟབ་མེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བརྒྱུད་རིམ་ལྡན་པའི་ངང་སྦྱོང་བ་དང་། རྗེས་སྙེག་གིས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། དེ་བཞིན་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་བཅས་ཀྱི་ཐད་ཞན་ཆ་ཡོད་པ། སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་དེ་ཙམ་འདོན་ཐུབ་མེད་པ། “འཛུགས་གཏོད་བཞིའི”ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཐད་ཞན་ཆ་ཡོད་པ། ལྟེ་བའི་ཡན་ལག་གྲོང་ཁྱེར་ལ་གཞི་ཚུགས་ཏེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ངེས་གནས་ཀྱི་ཞབས་ཞུ་འགན་ལེན་བྱེད་ཤུགས་སྔར་བཞིན་ཆེ་རུ་གཏོང་དགོས་པ། ཐོན་ལས་རྣམ་གྲངས་ཀྱི་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེན་པོ་མེད་པ། གཙང་གསུམ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཤུགས་མི་འདང་བ། རྫོང་ཁོངས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་སུ་ལུས་པ། “མཐའ་སྲུང་ཆེན་པོའི”འདུ་ཤེས་ཟབ་པོ་མེད་པ་བཅས་རེད། ལ་ལར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཐད་ཧེ་བག་ཡོད་པ་དང་། བྱེད་པོའི་འགན་འཁྲི་སྒྲུབ་པ་གནད་ལ་མི་འཁེལ་བ། ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་པར་ཉམས་ཞན་གྱི་ལྷུ་ཚིགས་ཡོད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གནད་དོན་སྔར་བཞིན་ཐོན་ནས་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲོད་པའི་གནད་དོན་བཀག་འདོམས་བྱས་ཀྱང་ཐོན་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་དམ་འཛིན་ཏན་ཏིག་མ་བྱུང་བ། བྱས་རྗེས་འཇོག་འདོད་མེད་པ་དང་། འགན་འཁུར་མི་ཕོད་པ། ཡར་རྒྱས་བརྩོན་ལེན་མི་བྱེད་པ། བདེན་པ་བདེན་ཐུག་མེད་པ། འཇིགས་བཀུར་མི་ཤེས་པ་སོགས་ཀྱི་གནད་དོན་ཚད་གཞི་མི་འདྲ་བ་གནས་ཡོད། ལ་ལར་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ལ་ཧེ་བག་ཡོད་པ་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། “གལ་ཆེན་གསུམ་དང་འཕོན་ཆེན་གཅིག”གི་ཐབས་ཇུས་ལམ་ལུགས་དང་། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས། དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་བཅས་ལག་བསྟར་ནན་པོ་མི་བྱེད་པ། མི་སྣ་འདེམས་སྤྱོད་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ལ་ཞན་ཆ་ཡོད་པ། “འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”མི་སྤྱོད་སྟོན་ཕྱོགས་དེ་ཙམ་མངོན་གསལ་དོད་པོ་མེད་པ། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀར་ཞན་ཆའི་ལྷུ་ཚིགས་ཡོད་པ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་ལག་བསྟར་ནན་པོ་མེད་པ་བཅས་རེད། ལ་ལར་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་སྣ་ཚོགས་ལ་བཏོན་པའི་གནད་དོན་དག་ཐེར་ཕྱོགས་ཡོངས་ནས་གནད་ལ་མི་འཁེལ་བ། ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་འགའ་ཤས་ཡུན་རིང་ཐག་གཅོད་ནུས་ལྡན་བྱས་མེད་པ། དག་ཐེར་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། “མཉམ་འདྲེས་བཞི”དང་ཟུར་བལྟས་ལེབ་མཐོང་གིས་ཕྱོགས་ཡོངས་ནས་དག་ཐེར་བྱེད་པར་ཧེ་བག་ཡོད་པ་བཅས་རེད།

    ཚུར་ལན་ནང་བླང་བྱ་བཏོན་དོན། ཆབ་མདོ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང(ཆུས)ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཆབ་མདོ་བོད་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་ཡིན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་ངོས་འཛིན་གཏིང་ཟབ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། ད་ཐེངས་ཀྱི་སྐོར་གཟིགས་ནང་ཤེས་རྟོགས་བྱུང་བའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱས་ནས་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བར་འབད་བརྩོན་དེ་བས་ཆེ་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་སྔར་བས་ནན་པོ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་གཏིང་ཟབ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་བཅོས་སྐྱོང་གི་ནུས་པ་ཆེར་གཏོང་ཟུང་འབྲེལ་མཐའ་འཁྱོངས། སྐོར་གཟིགས་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་དང་། སྐོར་གཟིགས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད། སྐོར་གཟིགས་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཅས་བྱས་ནས། དུས་རབས་གསར་པའི་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་འབུངས་ཆེན་པོས་སྐུལ་འདེད་གཏོང་དགོས།

    ཚུར་ལན་ནང་ནན་བཤད་བྱས་དོན། ཆབ་མདོ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང(ཆུས)ཁག་གི་ཏང་ཨུད་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། 《སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལ་སློབ་སྦྱོང་ནན་ཏན་དང་། དག་ཐེར་དོན་འཁྱོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། རེས་སྐོར་འདིའི་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང་དེ་བཞིན་ལྟ་སྐུལ་བྱས་ནས་བཏོན་པའི་གནད་དོན་གཞན་དག་ལ་དམིགས་པ། “མཉམ་འདྲེས་བཞིའི”བླང་བྱ་ལྟར་ཟུར་བལྟས་ལེབ་མཐོང་དང་། སྡེབ་གཅིག་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་དག་ཐེར། རྒྱུན་མཐུད་དག་ཐེར་བཅས་བྱེད་དགོས་པ་དང་། ཧྲུའུ་ཅིས་དག་ཐེར་གྱི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་སྒྲུབ་པ་དང་།“རང་ཉིད་ངོ་མས་སྒྲུབ་ཐུབ་པ་བཞི”ཐུབ་པར་བྱས་ཏེ་དག་ཐེར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། འགོ་བཙུགས་མ་ཐག་ནས་དག་ཐེར་མཐའ་འཁྱོངས་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས། དག་ཐེར་གྱི་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲལ་སེལ་སླ་བཅོས་དང་དག་ཐེར་ཡག་པོ་མ་བྱུང་བའི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། སྐོར་གཟིགས་ཀྱིས་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་ནང་དོན་ཐག་གཅོད་ནན་ཏན་བྱས་ཏེ་ཐག་གཅོད་བྱས་ཚུལ་དག་ཐེར་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་སྒྲོན་དུ་འཇུག་དགོས་པ་མ་ཟད། ད་དུང་རྗེས་མཐུད་དག་ཐེར་གྱི་ནང་དོན་གལ་ཆེན་དུ་བརྩི་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་གནད་དོན་སྐོར་གྱི་ཁུངས་སྣེ་འབྱོར་ནས་འབྲེལ་ཡོད་གཏན་འབེབས་ལྟར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་པར་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།