དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་སྒྲུབ་གཉེར་བརྒྱུད་རིམ་ལེགས་སུ་བཏང་ནས་ཞབས་འདེགས་ཀྱི་ཕན་ནུས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས“སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལེན་པའི་འོས་ཐོབ་བདེན་དཔང་ར་སྤྲོད་བྱེད་སྟངས་སྟབས་བསྟུན་མེད་པ”དང“ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས་པ”སོགས་ཀྱི་གནད་དོན་ལ་དམིགས་ནས་ཞིབ་བཤེར་དང་དག་ཐེར་ནན་ཏན་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།

    “སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལེན་པའི་འོས་ཐོབ་བདེན་དཔང་ར་སྤྲོད་བྱེད་སྟངས་སྟབས་བསྟུན་མེད་པར”དམིགས་ནས་ལྗོངས་མི་སྤྱི་ཐིང་གིས་སྒྲུབ་གཉེར་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། ཆ་འཕྲིན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་དང་གསོ་སྦྱོང་གཏིང་ཟབ་ཏུ་གཏོང་བ་བཅས་ལ་དག་ཐེར་བྱས་པ་རེད། ཆ་འཕྲིན་བསྡུར་རྒྱུ་གཙོ་བོར་བྱེད་པ་དང་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱེད་པའི་བདེན་དཔང་ར་སྤྲོད་བྱེད་སྟངས་བཟོས་ཏེ་ཐོབ་ཆ་ལེན་མཁན་གྱིས་བྱེད་ཐབས་དང་ཐབས་ལམ་སྣ་ཚོགས་སྤྱད་ནས་བདེན་དཔང་ར་སྤྲོད་བྱེད་པ་དང་། སྤྱི་བདེ་དང་། དམངས་སྲིད། སྨན་བཅོས་འགན་བཅོལ་སོགས་སྡེ་ཚན་དབར་གྱི་གྲངས་གཞི་སྤེལ་རེས་དང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཐོབ་ཆ་ལེན་མཁན་གྱི་སྤྱི་ཚོགས་བྱེད་སྒོའི་ཆ་འཕྲིན་ཐོབ་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། འོས་ཐོབ་བདེན་དཔང་ར་སྤྲོད་བྱེད་རིང་གི་རེའུ་མིག་དང་ངོ་སྤྲོད་དཔྱད་ཡིག་སྣ་ཚོགས་སྟབས་བདེ་རུ་བཏང་ནས་འོས་ཐོབ་བདེན་དཔང་ར་སྤྲོད་བྱེད་པ་དང་འཚམས་འདྲི་བྱེད་པ་སོགས་རྒན་ཡོལ་ཞུ་མཁན་ལ་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་བའི་ལས་དོན་འབྲེལ་མཐུད་ནུས་ལྡན་བྱེད་པ། འོས་ཐོབ་རང་འདོད་ར་སྤྲོད་ཀྱི་ནུས་པ་དེ་ཆ་འཕྲིན་ལག་རྩལ་གྱི་ལས་སྟེགས་ཆེ་གྲས་ཁག་ལ་འབྲེལ་མཐུད་བྱས་ཏེ་དྲ་ཐོག་ཏུ་ཆུ་ཚོད་24རིང་རང་འདོད་བདེན་དཔང་ར་སྤྲོད་ཀྱི་ཞབས་འདེགས་མངོན་འགྱུར་བྱེད་པ། ལས་སྒོའི་རྐང་འཛིན་པས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ལས་ཁུངས་ཀྱི་འཐབ་ཕྱོགས་དང་པོའི་ལས་དོན་པར་འོས་ཐོབ་བདེན་དཔང་ར་སྤྲོད་བྱེད་པའི་སྦྱོང་བརྡར་བྱས་ནས་གཞི་རིམ་གྱི་སྒྲུབ་གཉེར་བྱེད་མཁན་གྱི་འོས་ཐོབ་བདེན་དཔང་ར་སྤྲོད་བྱེད་པའི་ལས་ཀའི་འཇོན་ཐང་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།

    “ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས་པའི”ཁྲོད་ལྷག་པའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་ད་དུང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་གཏོང་གི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་དགོས་པ། “ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་བའི”ཞབས་འདེགས་སྔར་བས་ལེགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ལྗོངས་མི་སྤྱི་ཐིང་གིས་ལས་ཞུགས་ལ་བརྟེན་ནས་ཁེ་ལས་བརྟན་གཏོང་དང་། སྤྱི་ཚོགས་འགན་སྲུང་ལ་བརྟེན་ནས་ཁེ་ལས་ལ་ཕན་འདོགས་པ། ཤེས་ལྡན་མི་སྣར་བརྟེན་ནས་ཁེ་ལས་སྟོབས་ཆེར་གཏོང་བ། ཁྲིམས་སྐྱོང་ལ་བརྟེན་ནས་ཁེ་ལས་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་མི་སྤྱི་ཁྱབ་ཁོངས་སུ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་བཅོ་ལྔ་བཟོས་པ་དང་། ལྗོངས་ནོར་སྲིད་ཐིང་དང་ཁྲལ་དོན་ཅུས་དང་མཉམ་དུ《དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》(བོད་མི་སྤྱི(2023)ཡིག་ཨང་28པ་སྤེལ)བཀྲམ་ནས། 2023ལོའི་ཟླ་5ཚེས་1ཉིན་ནས་བཟུང་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་གྲོན་དངུལ་ཚད་གཞི་1%བར་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་ལག་བསྟར་དུས་ཚོད་2024ལོའི་ལོ་མཇུག་བར་ནར་འགྱངས་བྱས་པ། ཆ་རྐྱེན་དང་འཚམ་པའི་འགན་བཅོལ་ལ་ཞུགས་པའི་ཁེ་ལས་ལ“གནས་གཏན་འཁེལ་གྱིས་ཐད་སྤྲོད”བྱེད་ཐབས་ལག་བསྟར་བྱས་ནས་ལས་གནས་བརྟན་གཏོང་གི་ཁ་གསབ་ཁེ་ལས་ཀྱི་རྩིས་ཁྲར་ཐད་ཀར་བླུགས་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་ལས་གནས་བརྟན་གཏོང་དང་ལས་གནས་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་སྤྲོད་པ། “རེ་འདུན་ཞུ་མི་དགོས་པར་ལོངས་སྤྱོད་བྱེད་པའི”དྲ་ཐོག་སྒྲུབ་གཉེར་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་གཏོང་བ། ལས་ཤོར་འགན་བཅོལ་གྱི་ཁ་གསབ་མ་དངུལ་ཁག་ཐད་ཀར་གསབ་གཉེར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཡོད་ཅེས་བརྗོད་པ་རེད།

    མིག་སྔར། རང་ལྗོངས་ཀྱི་མི་སྤྱི་ཁྱབ་ཁོངས་ཀྱི“ཁེ་ལས་ལ་རྒྱབ་སྐྱོར་དང་དཀའ་ངལ་སེལ་བའི”སྲིད་ཇུས་དང་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་སྒྲུབ་གཉེར་ཞབས་འདེགས་སྔར་བས་ལེགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།