དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཆ་བྱད་ཁག་དང་པོ་ཁྲོམ་རར་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-04

    ཉེ་ཆར། ལྷ་སར་འཚོགས་པའི་བོད་ལུགས་གསོ་རིག་གི་ཆ་བྱད་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བོད་ལུགས་གསོ་རིག་གི་ཆ་བྱད་ཚད་ལྡན་ཅན་བཀོལ་སྤྱོད་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་སྙན་ཞུའི་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཆ་བྱད་ཁག་དང་པོ“བོད་ལུགས་གསོ་རིག་གི་གཏར་དཔྱད་སྤྱོད་གཅིག་མ”ཁྱབ་བསྒྲགས་བྱས་པ་དང་སྦྲགས་ཁྲོམ་རར་བཏོན་པ་རེད།

    རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་2019ལོ་ནས་བཟུང་། བོད་ལུགས་གསོ་རིག་གི་ཆ་བྱད་ཚད་ལྡན་ཅན་འཛུགས་སྐྱོང་ལས་དོན་སྤེལ་འགོ་ཚུགས་ཤིང་། བོད་ལུགས་གསོ་རིག་གི་ཆ་བྱད་སྐོར་གྱི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་སྔོག་འདོན་དང་། ད་ཆའི་ནད་ཐོག་བེད་སྤྱོད་གནས་ཚུལ་ལ་བརྟག་ཞིབ་བྱེད་པ། བོད་ལུགས་གསོ་རིག་གི་ཆ་བྱད་རིགས་དབྱེར་རིགས་གཅིག་མཁས་ཅན་གྱིས་དཔྱད་བཤེར་བྱེད་པ། དེང་རབས་ཆ་བྱད་འཆར་འགོད་བྱེད་པ་སོགས་བརྒྱུད། བོད་ལུགས་གསོ་རིག་གི་ཆ་བྱད་གཏར་ཆས་ཐོན་རྫས་ཀྱི་ལག་རྩལ་བླང་བྱ་བཏོན་པ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཆ་བྱད་ཁག་དང་པོ“བོད་ལུགས་གསོ་རིག་གི་གཏར་ཆས་སྤྱོད་གཅིག་མ”གསར་སྤེལ་བྱས་ནས། དཔྱད་བཅོས་གཏར་ཁ་ལ་ཐོན་རྫས་ལག་རྩལ་གྱི་བླང་བྱ་མེད་པའི་སྟོང་ཆ་བསྐངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།