དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འདི་ལོ་བོད་ཀྱིས་སྤྱི་པའི་བོགས་གཏོང་ཁང་པ་4516སྐྲུན་རྩིས་ཡོད་པ།

    གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་ཚང་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-03

    སྡོད་ཁང་ནི་དུད་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས“སྡོད་སའི་ཁང་པ་ཡོད་པ”དེ་དམངས་འཚོ་ལེགས་སུ་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ལ་བརྩིས་ནས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་བྱ་ཐབས་ནུས་ལྡན་སྤྱད་དེ་སྡོད་ཁང་འགན་ལེན་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་བོགས་གཏོང་ཁང་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། 2022ལོའི་ལོ་མཇུག་བར། རང་ལྗོངས་སུ་ཁྱོན་སྤྱི་པའི་བོགས་གཏོང་ཁང་པ་ཁྲི་15.72ཡོད་པ་དང་2023ལོར་སྤྱི་པའི་བོགས་གཏོང་ཁང་པ་4516སྐྲུན་རྩིས་ཡོད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་གི་ཚད་ལྡན་པར་གཞི་དང་སྒྲོམ་གཞི་གསར་པའི་པར་གཞི་ཆ་ཚང་སྤྱོད་འགོ་ཚུགས་པ་དང་འབྲེལ་ལས་སྒོ་བདག་སྤྲོད་བྱེད་འགོའང་བཙུགས་ནས་རྒྱལ་ཡོངས་ཀྱི་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་དང་གྲངས་གཞི་མཉམ་སྤྱོད་ཐུབ་པར་བྱས་ཡོད་པ་རེད།མིག་སྔའི་བར་ལྗོངས་ཡོངས་ཀྱི་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་ནང་རིམ་རྩིས་བྱས་ན་སྡོད་ཁང་ཁྲི་5.76དང་བོགས་གཏོང་ཁང་པ་24310བཅུག་ནས་དུད་ཚང་33785ཡི་སྡོད་ཁང་འགན་ལེན་བྱེད་བཞིན་ཡོད་པ་རེད།

    སྤྱི་པའི་བོགས་གཏོང་ཁང་པའི་བོགས་དངུལ་དང་། གཏའ་དངུལ་བསྡུ་ལེན། བོགས་གཏོང་ཁ་གསབ་དངུལ་སྤྲོད་པ་བཅས་ཀྱི་ལས་དོན་དྲ་ཐོག་ནས་སྔ་ཙམ་གཉེར་ཐུབ་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་སྤྱི་པའི་བོགས་གཏོང་ཁང་པའི་མ་དངུལ་ནོར་སྲིད་ཀྱི་ཆེད་སྤྱོད་རྩིས་ཁྲ་བཟོས་ནས་སྤྱི་པའི་བོགས་གཏོང་ཁང་པའི་བོགས་དངུལ་དང་། གཏའ་དངུལ། བོགས་གཏོང་ཁ་གསབ་སོགས་ཀྱི་མ་དངུལ་དོ་དམ་ཐད་སྤྱད་དེ་གཏན་འབེབས་ལྟར་ཆེད་སྤྱོད་ཀྱི་རྩིས་ཐོ་དོ་དམ་དང་། རྩིས་ཁྲ་ཁག་བགོས་ཀྱིས་ཞིབ་རྩིས་རྒྱག་པ། ཆེད་དངུལ་ཆེད་སྤྱོད་བཅས་བྱས་ནས་མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་སྣ་ཚོགས་སྔར་བས་སྐོང་ཐུབ་པ་བྱེད་རྒྱུ་རེད།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་སྡོད་ཁང་འགན་ལེན་དང་སྒྱུར་བཅོས་ཁྲུའི་འགན་འཁུར་བས“མང་ཚོགས་ཀྱིས་དྲ་ངོས་དང་། APP དེ་བཞིན་དྲ་ཕྱི་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་སྤྱི་པའི་བོགས་གཏོང་ཁང་པ་དང་བོགས་གཏོང་ཁ་གསབ་རེ་ཞུ་བྱེད་ཆོག་པ་མ་ཟད། ད་དུང་རེ་ཞུ་བྱས་པའི་ཞིབ་བཤེར་གཏན་འབེབས་ཀྱི་འཕེལ་རིམ་ལ་དུས་ཐོག་ཏུ་དོ་ཁུར་བྱེད་ཆོག་ལ་དུས་མཇུག་ཏུ་སྤྱི་པའི་བོགས་གཏོང་ཁང་པའི་བོགས་དངུལ་དྲ་ཐོག་ནས་ཚབ་འཐེན་དང་བོགས་གཏོང་ཁ་གསབ་དངུལ་དྲ་ཐོག་ནས་སྤྲོད་རྒྱུ་རིམ་བཞིན་མངོན་འགྱུར་ཡོང་རྒྱུ་རེད”ཅེས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།