དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2023ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་མཐོ་རིམ་གླེང་སྟེགས་ཟླ་7ཚེས་4ཉིན་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-03

    གསར་འགོད་པར་2023ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་མཐོ་རིམ་གླེང་སྟེགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་མཐོ་རིམ་གླེང་སྟེགས་ཟླ་7ཚེས་4ནས་ཚེས་7ཉིན་བར་པེ་ཅིང་གི་ཚོགས་ར་གཙོ་བོའི་བྱེད་སྒོ་དང་དུས་གཅིག་ལ་འཚོག་རྒྱུ་ཡིན་པ་དང་ལྷ་སའི་ཁྱད་ཆོས་པེ་ཅིང་གི་ཚོགས་ར་གཙོ་བོར་དུས་གཅིག་ཏུ་མངོན་རྒྱུ་རེད།

    ད་ཐེངས་ཀྱི་གླེང་སྟེགས་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་སའི་མཐོ་གསར་ཁུལ་གྱིས་གཉེར་འགན་འཁུར་བ། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་རིག་གནས་བསམ་བཀོད་གླིང་གིས་གཉེར་རོགས་བྱས་པ། “གྲངས་འཛིན་སྦྲེལ་ཟམ་ཧི་མ་ལ་ཡ་སྒྲོལ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་རྒྱུ་མུ་མཐུད་ལྟེ་བར་བྱས་ཏེ། ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་གྲུབ་འབྲས་གསར་པ་དང་གྲངས་འཛིན་བཀོལ་སྤྱོད་ཀྱི་གྲུབ་འབྲས་གསར་པ་ཁྱོན་ཡོངས་ནས་མངོན་པ་དང་གྲངས་འཛིན་དཔལ་འབྱོར་མཉམ་ལས་གཉིས་ཁེའི་ལས་སྟེགས་ཆེན་པོ་ཟབ་ཏུ་གཏོང་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་ནི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ཡུན་བཙུགས་ཡན་ལག་ཚོགས་ར་གཅིག་པུ་དེ་ཡིན་ཞིང་། ད་བར་བྱེད་སྒོ་སྐབས་གཉིས་བསྟུད་མར་སྤེལ་ནས་འཛམ་གླིང་ལ་ལྷ་སས་ཐོན་ཁུངས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་ཟབ་མོ་བྱེད་པ་དང་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་མངོན་པ་དང་། ལག་ཆེན་གྱིས་ལག་ཆུང་ཁྲིད་པ་དང་མཉམ་ལས་འབྱུང་འགྱུར་ལ་ཕྱོགས་པའི་འཕེལ་རྒྱས་ཀྱི་ལས་སྟེགས་གསར་པ་གཏོད་པ། ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་གོ་སྐབས་གསར་པ་མཁོ་འདོན་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།