དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སེམས་པ་གཅིག་ཏུ་འབྲེལ། ཁྱིམ་ཚང་གཅིག་ལྟར་བརྩེ།

    ངམ་རིང་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-01

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད།

    —— “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་དགོས།

    རྫོང་ཡོངས་ཀྱི་རིམ་ཁག་སློབ་གྲྭས་རྒྱལ་གཅེས་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་བརྗོད་དོན་གཙོ་བོའི་འཛིན་ཚོགས་དང་སྤྱི་ཚོགས་ཀྱི་ལག་ལེན་སོགས་ཀྱི་ཐབས་ལམ་བརྒྱུད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སློབ་མའི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད།

    ངམ་རིང་རྫོང་གི་སྔོན་བྱོན་མཁས་པ་རིམ་བྱུང་དང་གསར་བརྗེའི་སྔོན་བྱོན་པའི་དཔེ་མཚོན་བྱས་རྗེས་སྔོག་འདོན་གཏིང་ཟབ་བྱས་ནས་དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་དཔེ་སྟོན་སྐུལ་འདེད་དང་དཔེ་མཚོན་སྣེ་ཁྲིད་ཀྱི་འཛུགས་གཏོད་རྣམ་པ་ཞིག་ཆགས་པར་བྱས་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཚན་པ་དང་། སྔོན་ཐོན་ཤང་དང་གྲོང་རྡལ། སྔོན་ཐོན་གྲོང་ཚོ། སྔོན་ཐོན་མི་སྒེར་བཅས་ལ་དཔྱད་བསྡུར་གཟེངས་བསྟོད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། ངམ་རིང་རྫོང་གིས་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཐབས་ལམ་གྱི་གཞི་རྟེན་གསར་གཏོད། ལས་དོན་སྤེལ་ཐབས་ཞིབ་ཕྲ་བཟོ་བའི་ཐད་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད།

    ངམ་རིང་རྫོང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་འདུ་འགོད“ཨང་དང་པོར”བརྩིས་ནས་དམ་འཛིན་མཐའ་འཁྱོངས་དང་། ཁུལ་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི“དགུ་སྤེལ”བྱེད་སྒོས་གཞི་རྟེན། “ཚན་པ་རེར་སྤུས་རྟགས་རེ་དང་ལས་རིགས་རེར་བརྗོད་དོན་གཙོ་བོ་རེ”བཟོ་བའི་འཛུགས་གཏོད་རྣམ་པ་ཧུར་ཐག་གཏོད་པ་བཅས་བྱས་ནས། རྫོང་ཡོངས་ཀྱི་གོང་འོག་ཚང་མ་དང་ལས་རིགས་ཁག་ཚང་མ་ཧུར་ཐག་ཞུགས་ནས་མཉམ་དུ་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

    རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་དྲ་ཐོག་དང་ས་གནས་ས་ཐོག་ཏུ་སློབ་ཚན་ཁྲིད་དེ་འཛུགས་གཏོད་ལས་དོན་ལ་ལས་སྒོའི་གསོ་སྦྱོང་བྱས་པ་དང་། དུས་མཚམས་ཁག་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ“མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས”སོགས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་འཚོགས་པ་དང་དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་དྲིལ་བསྒྲགས་ལག་དེབ་སྤྲད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བའི་ཁྲིད་སྟོན་བྱས་པ་རེད།

    དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་པ་དང་། “སྣེ་འཁྲིད་པའི་ནུས་པ”བཏོན་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཡོད། གྲོང་ཁྱེར་རིམ་པའི་དཔེ་བཟང་ཚན་པ་12དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཚན་པ་1འཛུགས་གཏོད་བྱས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ས་ཚིགས་8བཏོད་ཡོད། ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་། ས་ཁོངས་རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་པ་བཏོན་ཏེ་འཛད་སྤྱོད་ལ་སྐུལ་ཁྲིད་དང་། ལས་མི་བཀོལ་སྤྱོད་འགན་ལེན། འཕྲུལ་ཆས་བོགས་གཏོང་སོགས་ཀྱི་ཐད་མཐུན་སྦྱོར་ཞབས་འདེགས་མུ་མཐུད་ཡག་པོ་བསྒྲུབས་ནས་ས་གནས་དེ་གའི་འཕྲུལ་ཆས་དང་སྒྲིག་ཆས་45སྤྱད་པ་དང་ས་གནས་དེ་གའི་ཞིང་འབྲོག་ལས་མི་42གླས་ནས་ཁོ་ཚོར་ཡོང་འབབ་སྒོར་ཁྲི་220ལྷག་ཙམ་རག་ཐབས་བྱས་ཡོད།

    དྲ་རྒྱའི་སྨྱན་སྦྱོར་འཕེལ་རྒྱས་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ཕན་ཚུན་མཉམ་འདྲེས་མཐའ་འཁྱོངས་བྱས་ནས“དྲ་རྒྱའི་སྨྱན་སྦྱོར་མཉམ་འདྲེས+མི་རིགས་མཐུན་སྒྲིལ་ཡར་ཐོན”གྱི་དྲིལ་བསྒྲགས་རྣམ་པ་གསར་གཏོད་བྱས་ཏེ“ཕན་ཚུན་མཉམ་འདྲེས”ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཡོད། དྲ་རྒྱའི་སྨྱན་སྦྱོར་གྱི་དུས་ནུས་རང་བཞིན་དང་མཉམ་སྒུལ་རང་བཞིན་སོགས་ཁྱབ་སྤེལ་གྱི་ལེགས་ཆ་བཏོན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྙན་པོ་དང་ཉམས་མྱོང་བཟང་པོ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ངམ་རིང་གི་ས་གཞི་ཆེན་པོར་བཞད་ཐུབ་པར་བྱས་པ། ཐོན་ཁུངས་དང་། ནང་དོན། གཞི་རྟེན་གྱི་མཉམ་མཐུད་བརྒྱུད་སྤེལ་བྱས་ནས་མི་རིགས་སྲིད་ཇུས་གསལ་འགྲེལ་ཁྱབ་གདལ་དང་། མི་རིགས་རིག་གནས་འགྲེམས་སྟོན་ཁྱབ་སྤེལ། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་སོགས་ཀྱི་དྲིལ་བསྒྲགས་ནང་དོན་སྤེལ་བར་སྟབས་བདེའི་ལས་སྟེགས་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་དངོས་སུ་གྱུར་པར་བྱས་ནས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཏེ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་བྱས་ཡོད།

    གཞན་ཡང་ངམ་རིང་རྫོང་གིས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་བཏང་ཞིང་། རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཟླ་རེར་ཤང་དང་གྲོང་རྡལ་ཁག་གི་འཛུགས་གཏོད་ཀྱི་ལས་དོན་ལ་ཞིབ་བཤེར་མཐའ་འཁྱོངས་བྱས་ནས་གནད་དོན་ཤེས་རྟོགས་ཐུབ་མ་ཐག་ཐག་བཅད་པ་དང་སྦྲགས་དུས་ཐོག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས། འཛུགས་གཏོད་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་པའི་རང་བཞིན་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།