དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གི་བརྗོད་དོན་གཙོ་བོའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-01

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་འཕྲལ་སྡོམ་དོ་དམ་ཐིང་དུ་ཕེབས་ནས། འཕྲལ་སྡོམ་དོ་དམ་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་ལྗོངས་ཀྱི་བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞི་འཛུགས་པ་སོགས་ཀྱི་ནང་དོན་ལ་དམིགས་ནས། རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གི་གཙོ་གནད་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་དང་འཕྲལ་སྡོམ་ཐིང་གི་ཏང་ཡོན་དང་ལས་བྱེད་པ་ཚོར་གསོན་ཉམས་དོད་པའི་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་ཞིག་ཁྲིད་པ་རེད།

    རེན་ཝེ་ཡིས། འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཐོག་གོང་དུ་བཀུར་བ་གཉིས་ཀྱི་འདུ་ཤེས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་བྱེད་པའི་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་། ཁྱོན་ཡོངས་ལ་ལྟ་རྟོག མ་ལག་བཅོས་སྒྲིག་བཅས་ཀྱི་བསམ་བློ་དང་བྱེད་ཐབས་ནན་དུ་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན། ངོ་བོའི་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། གཞོགས་འདེགས་ལས་ཕྱོད་ཆེ་བའི་འཕྲལ་སྡོམ་དོ་དམ་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།