དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་གྲོང་ཚོ་ཚང་མར་ཐོན་ལས་ཡོད་པ་དང་། དུད་ཚང་ཚང་མར་རྣམ་གྲངས་ཡོད་པ། མི་ཚང་མར་ལས་ཀ་བྱེད་སེམས་ཆེན་པོ་ཡོད་དེ།

    ཚྭ་ཁ་ལྷོ་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཟིགས་དང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་ལྕང་ལུང་གཞིས་ཀ་ཡིན་པ།

    སྨར་ཁམས་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་པའི་འཇང་མི་རིགས་ཤང་དེ་ལྷོ་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་དང་འབྲེལ་བ་དང་། ནུབ་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་འབྲེལ་བ། བྱང་ཤར་སི་ཁྲོན་འབའ་ཐང་རྫོང་དང་འབྲེལ་བས། “བོད་ཀྱི་ཤར་ལྷོའི་རྒྱལ་སྒོ་ཆེན་པོ”དང“ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཤང”ཞེས་འབོད་པ་དང་ཚྭ་ཐོན་སྐྱེད་བྱས་པའི་དབང་གིས“ཚྭ་ཁ་ལྷོ”ཞེས་ཀྱང་འབོད་ཀྱི་ཡོད།

    ད་ཕན་ལོ་ཤས་རིང་། འཇང་མི་རིགས་ཤང་གི་ཏང་ཨུད་དང་སྲིད་གཞུང་གིས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་དུས་རྒྱུན་ནས་དམ་འཛིན་དང་། རྒྱུན་གཏན་དང་མཉམ་འདྲེས། རྒྱུན་དུ་ལག་བསྟར་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད་པ་རེད།

    རྒུན་འབྲུམ་ཨ་རག་བསྙལ་ནས་ཕྱུག་པོའི་ལམ་བུར་སྐྱོད་པ།

    འཇང་གྲོང་ཚོར་གནས་པའི་འཇང་མི་རིགས་ཤང་སྲིད་གཞུང་དེ་རྒྱལ་ལམ་214དང་འབྲེལ་ཞིང་། དེར་ཆ་སྙོམས་ས་བབ་སྨི་2600ཟིན་པ་དང་ལོར་ཆར་པ་འབབ་ཚད་ཧའོ་སྨི་350ནས་450བར་ཟིན་ནས་རྒུན་འབྲུམ་སྐྱེ་འཚར་ཡོང་རྒྱུར་མཐུན་རྐྱེན་ཡག་པོ་བསྐྲུན་ཡོད། དེ་གའི་གྲོང་མི་ཚང་མས་རྒུན་འབྲུམ་འདེབས་ཀྱི་ཡོད་པ་དང་ཁྱིམ་ཚང་ཀུན་གྱིས་རྒུན་འབྲུམ་ཨ་རག་སྙོལ་ཤེས་ཀྱི་ཡོད།

    ད་ཕན་ལོ་ཤས་རིང་། རྒུན་འབྲུམ་ཨ་རག་བྲིན་ཁ་རྒྱུག་པས་འཇང་གྲོང་ཚོའི་རྒུན་འབྲུམ་ཐོན་ལས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་རག་ཡོད།

    ལེགས་ཆ་དེར་གཞི་ཚུགས་ནས། འཇང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གོ་སྐབས་དམ་འཛིན་གྱིས། གྲོང་མིར་ཁྲིད་སྟོན་གྱིས་རྒུན་འབྲུམ་འདེབས་རྒྱ་ཆེ་རུ་བཏང་སྟེ། རྒུན་འབྲུམ་ཨ་རག་གི་ཐོན་ལས་དེ་གཙོ་རྟེན་ཐོན་ལས་སུ་བརྩིས་ནས་སྐྱེད་སྲིང་དང་ཨ་རག་ལས་སྣོན་ཁེ་ལས་3ལ་རྒྱབ་སྐྱོར་བྱས་པས། མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་དང་འབབ་འཕར་སྐུལ་ཁྲིད་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    སྨར་ཁམས་རྫོང་གི་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་དེང་རབས་ཅན་གྱི་རྒུན་འབྲུམ་ཨ་རག་བཟོ་གྲྭ་ནི་འཇང་གྲོང་ཚོའི་གཞི་ཁྱོན་ཆེ་ཤོས་ལྡན་པའི་རྒུན་འབྲུམ་ཨ་རག་ལས་སྣོན་ཁེ་ལས་ཤིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་ཀུང་སི་དེས་ཐོན་སྐྱེད་བྱས་པའི“བདག་དམར་གཡང”སྤུས་རྟགས་ཀྱི་རྒུན་འབྲུམ་ཨ་རག་མི་རྣམས་ཀྱིས་རིམ་གྱིས་དགའ་པོ་བྱས་ནས། འཇང་གྲོང་ཚོའི་ཁྱད་ལྡན་ཐོན་ལས་ཀྱི“བཀྲག་མདངས་ཆེ་བའི་མིང་བྱང”ཞིག་ཏུ་གྱུར་ཡོད།

    “སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་འོག ད་ཕན་ལོ་ཤས་རིང་ཀུང་སིས‘ཁེ་ལས+མཐུན་ཚོགས+རྟེན་གཞི+ཞིང་དུད’བཅས་ཀྱི་བྱེད་སྟངས་སྤྱད་ནས། མང་ཚོགས་ལ་རྒུན་འབྲུམ་འདེབས་རྒྱུའི་སྐུལ་ཁྲིད་བྱས་པས། མིག་སྔར་འདེབས་འཛུགས་དུད་ཚང་140ལྷག་ཟིན་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་ཟིན་གྱི་ཡོད”ཅེས་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལེ་ཆོས་མཚོས་བཤད།

    “ཐོན་ལས་དར”ནས་གྲོང་གསེབ་དར་རྒྱས་ལ་མུ་མཐུད“ཕན་པ”སྐྲུན་ཆེད། འཇང་གྲོང་ཚོའི་ཏང་ཀྲི་པུའི་ཁོངས་མིས་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་རྗེས། རྒུན་འབྲུམ་འདེབས་འཛུགས་མཐུན་ཚོགས་བཙུགས་པ་དང་། “ཞིང་དུད+རྟེན་གཞི+ཁེ་ལས+མཐུན་ཚོགས”བཅས་ཀྱི་བྱེད་སྟངས་སྤྱད་པས། “ཐོན་སྐྱེད་དང་མཁོ་སྤྲོད། བྲིན་འཚོང”བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ནས། ཁྲོམ་རའི་ཉེན་ཁ་ལས་ནུས་ལྡན་ངང་གཡོལ་ཐུབ་པ་དང་འགྲན་ནུས་ཆེ་རུ་ཕྱིན་ཡོད།

    “གོམ་སྟབས་རྗེས་མར། ང་ཚོས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། རྒུན་འབྲུམ་གྱི་སྣ་ཁ་གསར་པ་ནང་འདྲེན་བྱེད་པ་དང་། འདེབས་ཁྱོན་ཆེ་རུ་གཏོང་བ། རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གྲོང་མིའི་འདེབས་རྩལ་ཆེ་རུ་གཏོང་བ་བཅས་བྱས་ནས། རྒུན་འབྲུམ་ཐོན་ལས་རྒྱ་སྟོབས་ཆེ་རུ་ཏན་ཏིག་གཏོང་གི་ཡིན”ཞེས་འཇང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་རུ་དཔོན་ལིན་པོ་ཡིས་བཤད།

    རབ་ཏུ་བཞད་པའི་ཁམ་བུ་མེ་ཏོག་ལས། ཡུལ་སྐོར་བའི་ཡིད་དབང་བཀུག་པ།

    ལྕང་ལུང་གྲོང་ཚོ་ནི་འཇང་མི་རིགས་ཤང་སྲིད་གཞུང་གནས་ས་དང་བར་ཐག་སྤྱི་ལེ་10ལྷག་ཙམ་གྱི་སར་ཡོད་པ་དང་། དེ་ནི་ཡུན་བོད་ལམ་ཐིག་ནས་བོད་དུ་སྐྱོད་སའི་ལམ་བར་དུ་མེ་ཏོག་ལ་ལྟ་བའི་ས་ཚིགས་དང་པོ་དེ་རེད། དེ་གར་དུད་ཚང་ཚང་མས་ཁམ་སྡོང་བཙུགས་པའི་གོམ་གཤིས་ཡོད་ཅིང་། ལོ་ལྟར་གྱི་ཟླ་གསུམ་པ་དང་བཞི་པར་ལྕང་ལུང་གྲོང་ཚོའི་ཁམ་བུའི་མེ་ཏོག་དག་རི་འདབས་སུ་རབ་ཏུ་བཞད་ནས། དབེན་ཞིང་འཇམ་པའི་གནའ་ལམ་དང་ཁྱད་ལྡན་གྲོང་མིའི་སྡོད་ཁང་དང་གཅིག་ཏུ་འདྲེས་པ་ལྟར་སྣང་།

    འདི་ལོའི་ཟླ་4ཚེས་8ཉིན། སྨར་ཁམས་རྫོང་གི་རྒུན་འབྲུམ་ཨ་རག་དང་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་ལྔ་པ་འཇང་མི་རིགས་ཤང་ལྕང་ལུང་གྲོང་ཚོར་གཉེར་བ་དང་། ཁམ་བུའི་མེ་ཏོག་གིས་གཙོ་བོར་བྱེད་པ་དང་ཨ་རག་གིས་གཞི་རྟེན་དུ་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དེ་གར་ཡོང་བའི་ཡིད་དབང་བཀུག་ཡོད།

    “ད་ཕན་ལོ་ཤས་རིང་། ང་ཚོའི་གྲོང་ཚོའི་ཏང་ཀྲི་པུས་སྤྱོད་ཚུལ་ལེགས་གཏོང་དང་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ཟུང་འབྲེལ་བྱས་ནས། ལོ་ལྟར་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་གོ་སྐབས་སུ་བྱས་ཏེ། སྐུ་མགྲོན་མང་པོ་དེ་གར་ཡོང་བའི་ཡིད་དབང་བཀུག་ཡོད། ཡུལ་སྐོར་བ་ཚོར་བཟའ་འཐུང་གི་ཞབས་འདེགས་ཞུ་ཆེད། གྲོང་ཚོར་གླིང་ཁའི་ས་ཚིགས་གསུམ་བཙུགས་ནས། ཁམ་བུའི་མེ་ཏོག་དུས་ཆེན་རིང་ཡུལ་སྐོར་བར་སྣེ་ལེན་ཞུས་ཏེ་གྲོང་མིར་ཡོང་འབབ་སྒོར་3000ནས་4000བར་བཏོད་ཡོད”ཅེས་ལྕང་ལུང་གྲོང་ཚོར་མངགས་པའི་ཧྲུའུ་ཅི་དང་པོ་དང་རུ་དཔོན་གཅིག་ལྕོགས་ཡིན་པའི་ཁྲེན་ལིན་གྱིས་བཤད།

    ཡུལ་སྐོར་གྱི་ཕན་པ་ལས། མང་ཚོགས་ཀྱི་འཚོ་བ་སྐྱིད་པ།

    ལྕགས་རྟ་གྲོང་ཚོ་ནི་འཇང་མི་རིགས་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་15ཡི་སར་ཡོད་པ་དང་། དེ་ག་ནི་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་གྲོང་ཚོ་ཞིག་ཡིན་ལ། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རིག་གནས་དང་ཡུལ་སྐོར་གྱི་གྲོང་ཚོ་ཞིག་ཀྱང་རེད།

    ད་ཕན་ལོ་ཤས་རིང་། ལྕགས་རྟ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྤྱོད་ཚུལ་ལེགས་གཏོང་དམ་འཛིན་བྱ་གཞིར་བྱས་ནས། ཁྱིམ་ཚང་མགྲོན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ གནའ་བོའི་ཚྭ་ཞིང་གི་ལེགས་ཆའི་ཐོན་ཁུངས་དང་བསྡུ་སྒྲིལ་བྱས་ཏེ། མང་ཚོགས་དེ་བས་མང་བར་ཡུལ་སྐོར་གྱི་ཕན་པ་ཐོབ་པར་བྱས་ཡོད།

    གྲོང་ཚོའི་ལྷོ་རྒྱུད་དུ་ཁྱད་ལྡན་བོད་བཟོའི་ཐོག་བརྩེགས་ཁང་ཆེན་སྟར་པ་གཅིག་ལ་གསར་འགོད་པ་སྣང་བ་ཆེན་པོ་བྱུང་། ཁང་པའི་སྦྱིན་བདག་ནི་བསོད་ནམས་རྒྱ་མཚོ་ཡིན་ཞིང་། ཁོང་ནི་སེམས་རྩ་འཁོལ་ལ་ཁ་སོ་འཕེར་བ་དང་ཁོང་གི་ངོ་གདོང་ནས་རྒྱུན་དུ་དགའ་བའི་འཛུམ་མདངས་འཕྱུར་གྱི་ཡོད། ཁོང་དང་ཁོང་གི་ཕ་བསྟན་འཛིན་འཕྲིན་ལས་དང་། མ་པ་སངས་དབང་མོ། བཟའ་ཟླ་བཀྲ་ཤིས་གཡང་འཛོམས་བཅས་ཀྱིས་མཉམ་དུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་ཡོད།

    ཟླ་བཞི་པར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་སླར་ཡང་ཤར་ཞིང་། ཡུལ་སྐོར་བ་མང་དུ་འགྲོ་བ་དང་སྦྲགས་བསོད་ནམས་རྒྱ་མཚོའི་ནང་མི་ཡང་བྲེལ་བ་ཆེ་རུ་སོང་ཡོད། ཞོགས་པ་སྔ་པོ་ནས་ཁོང་ལ་ཡུལ་སྐོར་བ་བཅུ་གྲངས་ཁ་ཤས་དེ་གར་ཡོང་རྒྱུའི་ལན་འབྱོར་ཡོད།

    ལོ་ལྟར་ཁོང་གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་ཡོང་མཁན་ཡུལ་སྐོར་བ་མང་པོ་ཡོད་ཅིང་། “ལྕགས་རྟ་གྲོང་ཚོའི་ཁོངས་སུ་གྲོང་མིའི་ཚོགས་ཆུང་4ཡོད་པ་དང་། ལྕགས་རྟ་ཚོགས་ཆུང་ཁོ་ནར་དུད་ཚང་བཅུ་གྲངས་ཀྱིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་ཡོད”ཅེས་ལྕགས་རྟ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཡེ་ཤེས་ཐུབ་བསྟན་གྱིས་བཤད།

    ཁྱིམ་ཚང་མགྲོན་ཁང་སྤུས་ལེགས་བཏོད་པ་ཕུད། ལྕགས་རྟ་གྲོང་ཚོས“ཚྭའི་རིག་གནས”གཞི་རྟེན་དུ་བྱས་ཏེ་A5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་གཏོད་ཧུར་ཐག་བྱས་ནས་ཡུལ་སྐོར་དཔལ་འབྱོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    “ལྕགས་རྟ་གྲོང་ཚོའི་ཚྭ་ཐོན་སྐྱེད་ལ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་ད་ཆ་A4རིམ་པའི་མཛེས་ལྗོངས་ཁུལ‘ལོ་ངོ་སྟོང་གི་ཚྭ་ཞིང’ཡོད། གྲོང་ཚོར་ཁྱོན་ཚྭ་ཞིང་2775ཡོད་པ་དང་དུད་ཚང་རེར་ཚྭ་ཞིང་20ནས་25བར་ཡོད། རང་ཁྱིམ་དུ་སྤྱོད་པ་ཕུད། ཡུལ་མིས་ཚྭ་དེ་དག་ད་དུང་ཡུལ་སྐོར་བ་དང་ཉེ་འགྲམ་གྱི་འབྲོག་ཁུལ་དུ་བཙོངས་པར་ཚྭ་ཞིང་རེར་ལོ་རེར་ཡོང་འབབ་སྒོར་900ནས་1000བར་རག་གི་ཡོད”ཅེས་ལྕགས་རྟ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཡེ་ཤེས་ཐུབ་བསྟན་གྱིས་ངོ་སྤྲོད་བྱས།

    “གོམ་སྟབས་རྗེས་མར་འཇང་མི་རིགས་ཤང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རིང་ཐོན་པའི་གནད་དོན་ལ་དམིགས་ནས་བསམ་ཕྱོགས་གསར་པ་གྲུབ་པ་དང་། ཐབས་ཤེས་གསར་པ་འདོན་པ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྔར་བས་སྐུལ་ཁྲིད་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་བཟང་པོ་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཉིའུ་དབྱིང་ཅེ་ཡིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།