དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གོང་འོག་དཔུང་པ་མཉམ་གཤིབ་ཀྱིས། དམངས་ཕྱུག་གྲོང་དར་ཕུགས་འདུན་བཏོད།

    —— ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཞོལ་གསར་ཤང་གླིང་སྨད་གྲོང་ཚོས་ལུག་གསོ་ཚགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    འདི་ནི་ལྷུན་རྩེ་རྫོང་ཞོལ་གསར་ཤང་གླིང་སྨད་གྲོང་ཚོའི་གསོ་ཚགས་ར་བའི་དོ་དམ་པས་རེའུ་ལ་འོ་མ་སྟེར་བཞིན་པ།

    2022ལོར་ལྷུན་རྩེ་རྫོང་ཞོལ་གསར་ཤང་གླིང་སྨད་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ནུས་གཅིག་སྒྲིལ་དང་ངར་ཤུགས་གཅིག་སྒྲིམ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པར་དམིགས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས“གྲོང་ཚོ་རེར་ཐབས་ཇུས་རེ”མཐའ་འཁྱོངས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་བར་བྱས་ཡོད།

    གླིང་སྨད་གྲོང་ཚོའི་ཚོགས་ཁང་དུ་གྲོང་ཚོའི་ལས་བྱེད་པ་ཚོས་གྲོང་ཚོའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ན་གང་འདྲ་ཡོད་མེད་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་གཏོང་བའི་ཐད་གྲོས་བསྡུར་ཡང་ཡང་བྱས་པ། མང་ཚོགས་ཀྱི་ཚོགས་ཆེན་འཚོགས་པ། དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་ཉན་པ་བཅས་བྱས་རྗེས། ཚང་མ་ར་ལུག་གསོ་ཚགས་བྱེད་པར་རྦད་དེ་མོས་མཐུན་བྱུང་ཡོད། འོན་ཀྱང་། མ་དངུལ་མེད་པར་ལུག་ཇི་ལྟར་ཉོ་བ་དང་། གང་དུ་ཉོ་བར་འགྲོ་བ། ལྷས་ར་གང་དུ་རྒྱག་དགོས་པ་སོགས་ཀྱི་གནད་དོན་གསར་པ་མང་པོ་ཕྲད་པས། གྲོས་བསྡུར་བྱས་པ་བརྒྱུད་མཐར་གྲོང་ཚོའི་ལས་བྱེད་པ་8ཀྱིས་རང་རང་སོ་སོས་སྔོན་ལ་བཏང་བའི་མ་དངུལ་སྒོར་ཁྲི་1.5དེ་ར་ལུག་ཉོ་བའི་གཞི་རྩའི་མ་དངུལ་དུ་བྱས་པ་དང་། མང་ཚོགས་ཀྱིས་རང་འགུལ་ངང་རང་གི་བེད་མེད་ཁང་པ་ལྷས་རར་བཅོས་པར་རྒྱབ་སྐྱོར་བྱས།

    མང་ཚོགས་འགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བར། ཧྲུའུ་ཅི་ལགས། ཁྱེད་ཀྱིས་སློབ་ཆེན་སློབ་མ་གཉིས་ཀྱི་སློབ་ཡོན་གཏོང་དགོས་པས། ད་དུང་རང་ཉིད་ཀྱིས་དངུལ་བཏོན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ན། གལ་སྲིད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཡག་པོ་མ་བྱུང་ཚེ་ཁྱེད་ཀྱི་འཚོ་བའི་ཁུར་པོ་ལྕི་རུ་འགྲོ་ངེས་རེད་ཅེས་དོགས་སློང་དང་སེམས་ཁུར་གྱི་ཚུལ་དུ་བཤད་ཀྱང་། ཟླ་བས་ཡིད་ཆེས་ཆེན་པོས། ང་ཚོའི་གྲོང་ཚོ་ལུང་ཁུག་ཡིན་མོད། རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆར་བརྟེན་ནས་ར་ལུག་གསོ་ཚགས་རྣམ་གྲངས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་ཐུབ་ངེས་ཡིན་ཞེས་བརྗོད། ཁོང་གི་ཚིག་ཐག་ཆོད་པའི་ལན་དེས་མང་ཚོགས་མི་རེ་ངོ་རེའི་ཡིད་ཆེས་ལྷག་ཏུ་འཕེལ་ནས། ཁོ་ཚོས་ཀྱང་རང་གི་བེད་མེད་ཁང་པ་ལྷས་རར་བཟོ་བའི་མིང་ཐོ་ཧུར་ཐག་བཀོད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས།

    རྣམ་གྲངས་གཏན་འཁེལ་ལག་བསྟར་བྱེད་པ་ནས་ར་ལུག་མགོ་གྲངས་230ལྷག་ཙམ་ཉོས་པའི་བར་ཉིན་20ཙམ་ལས་མ་འགོར་སྟབས། མང་ཚོགས་ཀྱིས་མཉམ་ལས་ཁང་གི་སྐོར་གླེང་རིམ་བཞིན་མཉམ་སྡེབ་དཔལ་འབྱོར་ཡག་པོ་གཉེར་བའི་གྲོང་ཚོའི་ལས་བྱེད་པའི་ཆོད་སེམས་དང་ལས་ཕྱོད་ལ་བསྔགས་བརྗོད་མི་བྱེད་མཁན་ཧ་ལམ་མེད།

    ར་ལུག་དང་ལྷས་ར་ཡོད་ཀྱང་། དེ་དག་ཇི་ལྟར་གསོ་དགོས་མིན་སོགས་ཀྱི་གནད་དོན་མང་པོས་གྲོང་ཚོའི་ལས་བྱེད་པ་རྣམས་རེ་ཞིག་བསམ་གཞིག་གི་དྲ་བར་ཚུད། གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་རྗེས། མཐར་ར་ལུག་རྣམས་ཡུལ་མི་ཚོས་རེས་མོས་བྱས་ནས་འཚོ་བའི་གྲོས་ཐག་བཅད་པས། གསོ་ཚགས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་རེད། མང་ཚོགས་ཀྱི་རྒྱབ་སྐྱོར་མེད་ཚེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་རྣམ་གྲངས་ཀྱང་བདེ་བླག་ངང་ལག་ལེན་བསྟར་ཐབས་བྲལ་བས། དེ་དག་ནི་གོང་འོག་རྡོག་རྩ་གཅིག་སྒྲིལ་གྱི་སྟོབས་ཤུགས་ཡིན་པ་གྲོང་ཚོའི་ལས་བྱེད་པར་མྱོང་ཚོར་ཟབ་མོ་བྱུང་།

    མིག་སྔར་གླིང་སྨད་གྲོང་ཚོའི་ར་ལུག་གསོ་ཚགས་ར་བའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་12ལྷག་ཙམ་བཏང་ནས་ད་ཆ་ལག་ཡོད་ར་ལུག་མགོ་གྲངས་238ཟིན་ཞིང་། རྣམ་གྲངས་ལ་ཕན་འབྲས་རགས་ཙམ་ཐོན་པ་དེས་མང་ཚོགས་ཀྱིས་འབྱུང་འགྱུར་ལ་བཅངས་པའི་ཡིད་ཆེས་ཆེ་རུ་སོང་ཡོད། གོམ་སྟབས་རྗེས་མར་གླིང་སྨད་གྲོང་ཚོས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ཏེ་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་ཀྱི་ཡོད།

    གླིང་སྨད་གྲོང་ཚོའི་ཡུལ་མི་རྡོ་རྗེས་གསར་འགོད་པར། གསོ་ཚགས་ར་བའི་རྣམ་གྲངས་ལག་ལེན་བསྟར་བའི་ལོ་དང་པོར་གྲོང་ཚོ་ཡོངས་ཀྱི་དུད་ཚང་133ཚང་མར་སྲིང་བལ་ཉལ་ཆས་རེ་དང་ཟ་སྣུམ་ལྕགས་ཀྲིན་རེ་སྤྲད་པས། སླད་ཕྱིན་ང་ཚོར་བགོ་འགྲེམས་དེ་བས་མང་བ་རག་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    ཟླ་བས། མིག་སྔར་ང་ཚོས་ར་ལུག་མགོ་གྲངས་30བཙོངས་པར་ཡོང་འབབ་སྒོར་ཁྲི་2.7བྱུང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཉེར་བའི་ཕན་འབྲས་རགས་ཙམ་མཐོང་ཐུབ་ཡོད། རྗེས་སུ་ང་ཚོས་གསོ་ཚགས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་། བྱེད་ཐབས་སྔར་བས་ཡག་པ་འཚོལ་ཞིབ། རྣམ་གྲངས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་ཡུལ་མི་དེ་བས་མང་བ་ཕྱུག་འགྱུར་ལམ་བུར་འཁྲིད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།