དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས།

    ནས་ནག་ཐོན་ལས་འཕེལ་རྒྱས་ཆེན་པོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    བྲག་གཡབ་ཀྱི་ནས་ནག་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་བ་དང་། འདེབས་འཛུགས་རྟེན་གཞི་སྐྲུན་པ། ནས་ནག་་ལས་སྣོན་ཞིབ་ཚགས་ལ་རོགས་སྐྱོར་བཅས་བྱ་ཆེད། ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་དང་ཆབ་མདོ་གྲོང་ཁྱེར་ཅུན་ཆིན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་བསྐྱོད་དེ། ནས་ནག་འདེབས་འཛུགས་དང་ལས་སྣོན་གྱི་ད་ཡོད་གནས་ཚུལ་ལ་རྒྱུས་མངའ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་ད་ཆ་མཉམ་ལས་ཁང་གཅིག་ཡོད་པ་དེས་མངགས་ཐོའི་བྱེད་ཐབས་སྤྱད་དེ་ནས་ནག་ཐོན་རྫས་ཐོན་སྐྱེད་བྱེད་ཅིང་། མཉམ་ལས་ཁང་དེས་ད་དུང་ཞིང་དུད་ཀྱི་ནས་ནག་ཉོས་ནས་ཐོན་རྫས་ལས་སྣོན་ཐད་ལ་སྤྱོད་ཀྱི་ཡོད། བྲག་གཡབ་རྫོང་གི་ནས་ནག་འདེབས་ཁྱོན་མུའུ་1000ཟིན་མོད། འོན་ཀྱང་མིག་སྔར་ནས་ནག་གི་འབྲུ་རྡོག་གི་གནས་ཚུལ་ལ་བལྟས་ན། སྣ་ཁ་ཞན་འགྱུར་ཚབས་ཆེ་བ་དང་། མདོག་འགྱུར་བ། མཉམ་བསྲེས་བྱེད་ཚད་10.5%ཟིན་པ། ནས་རྡོག་སྟོང་གི་ལྗིད་ཚད་ལ་ཆ་སྙོམས་བྱས་ན་ཁེ་42.8ལས་མེད་པ་བཅས་ཀྱི་གནས་ཚུལ་ཡོད་པས་ཁྲོམ་ར་གསར་འབྱེད་བྱེད་པར་དཀའ་ངལ་ངེས་ཅན་ཡོད་པ་རེད།

    དེར་བརྟེན་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་ས་བདམས་ནས་ས་བོན་འདེབས་པ་དང་། ཁེ་ལས་དང་མཉམ་ལས་ཁང་། ཞིབ་འཇུག་ཁང་བཅས་ཟུང་འབྲེལ་བྱས་ཏེ། ཁེ་ལས་ཀྱིས་ཐོན་རྫས་ཞིབ་སྤེལ་གྱི་འགན་ཁུར་བ་དང་། མཉམ་ལས་ཁང་གིས་ཁེ་ལས་ཀྱི་ཚད་གཞིའི་བླང་བྱ་ལྟར་ནས་ནག་པོའི་སོན་མཁོ་འདོན་བྱེད་པ། གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ལག་རྩལ་མཁོ་འདོན་བྱེད་པ། ཁེ་ལས་དང་མཉམ་ལས་ཁང་དབར་འབྲེལ་ཟམ་བཙུགས་ཏེ། བྲག་ཡབ་ཀྱི་ནས་ནག་ཐོན་ལས་ལ་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།