དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་བཏང་སྟེ།

    ཏང་དར་འོག་ཏུ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    2022ལོར་རང་ལྗོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་མངའ་ཁོངས་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བཅས་བྱེད་པའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ལ་འཛུགས་སྐྱོང་བྱེད་པར་དམིགས་ཏེ། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བའི་འཇོན་ཐང་དང་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བས། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དེ་བས་མངོན་གསལ་དོད་དུ་སོང་ཡོད།

    བློ་སྒྲིལ་སེམས་སྐྱེད་ཀྱིས་ཏང་གཤིས་ལ་ཞུན་བརྡར་དང་། དམངས་ལ་ཞབས་འདེགས།

    འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་པ།

    དད་སེམས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་ཐོག་མའི་བསམ་འདུན་དང་བླ་སྲོག་མཉམ་འདྲེས་ཡོང་བར་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་སློབ་སྦྱོང་བགྲོ་གླེང་དང་། སློབ་གསོ་གསོ་སྦྱོང་། ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ། བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་གཉེར་བ། དྲ་རྒྱའི་ལས་སྟེགས་ཡག་པོ་སྤྱོད་པ་སོགས་སློབ་སྦྱོང་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་སྒྲོག་འགྲེལ་སྙན་སེང་ཚོགས་འདུ་འཚོགས་པ་དང་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་ལྗོངས་ཡོངས་སུ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་ཁྲི་2.1ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་། ཆེད་དོན(དྲ་ཐོག)གསོ་སྦྱོང་འཛིན་གྲྭ་དུས་ཐེངས་3882གཉེར་བ། སྒྲོག་འགྲེལ་ཐེངས་ཁྲི་2.3ལྷག་ཙམ་བྱས་ཤིང་དེ་དག་གཞི་རིམ་གྱི་ཏང་ཡོན་མང་ཚོགས་མི་ཐེངས་ཁྲི་54.5ལྷག་ཙམ་ལ་ཁྱབ་ཡོད།

    རང་ལྗོངས་ཀྱིས《གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བླང་བྱ་ཁག་ལྔ”ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་ནས་བཀྲམ་སྟེ། ཁ་ཕྱོགས་དང་། ཁྲིད་སྟོན། ལག་ལེན་བཅས་ཁ་གསལ་ལྡན་པའི་དམིགས་ཚད་བླང་བྱ་དང་ལས་ཀའི་བྱ་ཐབས་20བཟོས་ཡོད། ཏང་འཛུགས་སྐྱོང་གིས“འཛུགས་གཏོད་བཞི”ལ་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་100དང་། ས་མཐོའི་ཁྱད་ལྡན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་100 ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་50 མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་དཔེ་སྟོན་ཁུལ་50 “ལེགས་གཉིས་བཟང་དྲུག་”དང“གསར་གཉིས”རྩ་འཛུགས་ཀྱི་གཞི་རིམ་ཏང་རྩ་འཛུགས་དཔེ་སྟོན་ཁུལ་50བཅས་བཏོད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྤུས་འཕར་ཕན་ཆེར་སྐུལ་ཁྲིད་བྱས་ཡོད།

    ན་ནིང་གི་རིམས་ནད་ཀྱི་དམག་འཐབ་ཆེན་པོའི་ཚོད་བགམ་ཆེན་པོར་རང་ལྗོངས་ཀྱིས་ལས་དོན་སྒྲུབ་ནུས་པ་དང་སྒྲུབ་ཐུབ་པའི་ལས་བྱེད་པ་གོ་གནས་སྤར་བ་དང་མཐོང་ཆེན་པོ་བྱས་ཤིང་། བསམ་ཕྱོགས་ལེགས་པ་དང་། སྤྱང་གྲུང་དོད་པ། ཐབས་ཤེས་བཟང་བ་བཅས་ཀྱི་ལས་བྱེད་པ་152དུས་ཐོག་ཏུ་འགག་རྩའི་ལས་གནས་སུ་བཏང་བ་དང་། ཏང་ཞུགས་ཧུར་བརྩོན་ཅན་4000ལྷག་ཙམ་གྲ་སྒྲིག་ཏང་ཡོན་ལ་བཅུག་པ། གྲོང་ཚོ(གྲོང་ལྷན)གྱི་རྗེས་གྲབས་སྟོབས་ཤུགས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་རིགས་ཁག་གི་ཆེད་བསྐོས་ལས་བྱེད་པ་69“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་བཅུག་པ། དཀའ་ངལ་ལ་མི་འཛེམ་ཞིང་རིམས་ནད་ལ་འཐབ་ཕོད་པའི་སྨན་དོན་པ་300ལྷག་ཙམ་ལ་གོ་མིང་དཔྱད་འདེམས་བྱེད་སྐབས་དམིགས་བསལ་གཟིགས་སྐྱོང་བྱས་ཡོད།

    རྩ་སྲ་རྨང་བརྟན་གྱིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་

    ཟམ་མི་ཆད་པར་ཆེ་རུ་བཏང་བ།

    གྲོང་སྡོད་ལས་དོན་སྤེལ་རིང་། རང་ལྗོངས་ཀྱིས་ཏང་ཡོན་དང་། མང་ཚོགས། ལས་བྱེད་པ་བཅས་ཉམས་ཞན་གྲོང་ཚོར་སྐྱོད་པ་དང་། དཔལ་འབྱོར་ལས་བྱེད་པ་གྲོང་ཚོ་དབུལ་པོར་སྐྱོད་པ། སྲིད་ཁྲིམས་ལས་བྱེད་པ་རྙོག་འཛིང་ཆེ་བའི་གྲོང་ཚོར་སྐྱོད་པ། ཞིང་འབྲོག་ལས་བྱེད་པ་ཐོན་ལས་གྲོང་ཚོར་སྐྱོད་པ། ཚན་རྩལ་ལས་བྱེད་པ་ཆེད་ལས་གྲོང་ཚོར་སྐྱོད་པ་བཅས་མཐའ་འཁྱོངས་བྱས་ནས། ལས་བྱེད་པ་ཁྲི་2.03ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)5541ཏུ་མངགས་ཡོད། “རུ་སྣེ་འཁྲིད་མཁན་གྱིས་སྤྱི་ཡོངས་ལ་དམ་འཛིན་དང་གནས་སྐབས་ཏང་ཀྲི་པུའུ་ཡིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”གྲོང་སྡོད་དོ་དམ་བྱེད་སྟངས་གསར་པ་ལག་ལེན་བསྟར་ཏེ། ལྗོངས་ཡོངས་ནས་ཕུལ་བྱུང་གི་རྫོང་དང་ཁྲུའི་རིམ་པའི་གོ་གནས་ཡོད་པའི་གཞོན་ནུ་ལས་བྱེད་པ་74བདམས་ནས་གྲོང་སྡོད་ཀྱི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་གྱི་ལས་འགན་སྤྲད་པ་དང་རྫོང་དང་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བསྐོས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དག་ཐེར་བྱས་ནས་ན་ནིང་ལྗོངས་ཡོངས་སུ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་373ལ་གྲལ་བཤེར་བྱས་ཡོད་པ་རེད།

    རང་ལྗོངས་ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་སྟོབས་ཤུགས་ཆེ་རུ་བཏང་ནས། ཕུལ་བྱུང་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་གསེབ་དར་རྒྱས་སོགས་ཆེད་བསྐོས་ལས་བྱེད་པའི་ནང་ནས་གཞུང་ཞབས་པ་70དང་བྱ་གཞག་སྒྲིག་ཁོངས་ཀྱི་མི་210བསྡུས་ཡོད། གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་དང་ཐོབ་ཐང་བབ་བསྟུན་སྤོར་བ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྟེ་བའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་འཛིན་གཙོ་བོའི་གླ་ཕོགས་ལོ་རེར་སྒོར་36658ཟིན་པ་དང་། མཐའ་མཚམས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་འཛིན་གཙོ་བོའི་གླ་ཕོགས་ལོ་རེར་སྒོར་40323ཟིན་ཡོད། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཁོག་སྟོང་གི་གྲོང་ཚོ“གཙང་སེལ”བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས། ལྗོངས་ཡོངས་སུ་མཉམ་སྡེབ་དཔལ་འབྱོར་ཡོད་པའི་གྲོང་ཚོ(གྲོང་ལྷན)5535ཟིན་པ་དེས་99.89%བཟུང་ཡོད་པ་ལས་ལོའི་ཡོང་འབབ་སྒོར་ཁྲི་5ནས་སྒོར་ཁྲི་50བར་ཟིན་མཁན་2410དང་སྒོར་ཁྲི་50ཡན་ཟིན་མཁན་576ཡོད་པ་རེད།

    ཕན་ནུས་ཆེར་གཏོང་གིས་ཁྱབ་ཁོངས་གསར་པ་དང་ཚོགས་སྤྱི་གསར་པའི་གཞི་རིམ་

    ཏང་འཛུགས་སྐྱོང་གི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲོང་ཁྱེར་གྱི“ཏང་འཛུགས་སྐྱོང་ཆེན་པོའི”བཀོད་པ་ཤུགས་ཆེན་བཏོད་དེ“ཁྲོམ་གཞུང་གི་ལས་དོན་ཨུ་ལྷན་ཆེན་པོ་དང་། སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ། དྲ་རྒྱའི་ཏང་ཀྲི་པུའུ། ཐོག་ཁང་གི་ཏང་ཚོགས་ཆུང”བཅས་རྩ་འཛུགས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཚང་མ་ཏང་ཡོན་ཡིན་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་སྤེལ་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱས་ཡོད་པ་རེད།

    རང་ལྗོངས་ཀྱིས་སྤྱི་དབང་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་སྟེ། གྲོང་ཁྱེར་དང་ས་ཁུལ་7དང་རྫོང་དང་ཆུས་74ཚང་མར“གསར་གཉིས”ལས་དོན་ཨུ་ལྷན་བཙུགས་ནས། ལྗོངས་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ལས་རིགས་ཀྱི་ཏང་ཨུད་136ཟིན་ཡོད། ན་ནིང་གི་ཟླ་6པའི་ཟླ་མཇུག་བར། ལྗོངས་ཡོངས་སུ“གཏན་འཇགས་གཉེར་སྐྱོང་ཁང་དང་། ལས་མི་10ཡན་ཡོད་པ། ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་ཡོད་པ”བཅས་ཀྱི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་76.68%ཟིན་པ་དང་། སྤྱི་ཚོགས་རྩ་འཛུགས་དང་ཏང་རྩ་འཛུགས་ཁྱབ་ཚད་96.71%ཟིན་པ། ལས་བཟོ་དང་། གཞོན་ནུ། བུད་མེད་སོགས་ཚོགས་པའི་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་66%ཟིན་ཡོད་པ་རེད།

    གླེང་རིན་ཡོད་པ་ཞིག་ལ། “གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ལ་དམ་འཛིན་ཡག་པོ་བྱ་ཆེད། རང་ལྗོངས་ཀྱིས“གསར་གཉིས”རྩ་འཛུགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་འོས་མི་1དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འོས་མི་4 རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འོས་མི་3 རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་འོས་མི་171 རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འོས་མི་30བཅས་འོས་སྦྱོར་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་དང་། གཞུང་དྲང་ལུགས་མཐུན། ཕྱོགས་བསྡུས་བྱང་ཚད་མཐོ་བ་བཅས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་མི་སྣས་ནུས་པ་གང་ལེགས་འདོན་ཆེད་མཐུན་རྐྱེན་བསྐྲུན་ཡོད་པ་རེད།

    གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས། གཞི་རིམ་གྱི་ཏང་རྩ་འཛུགས་དེ་ཉིད་མང་ཚོགས་ཚོས་མཐོང་ཐུབ་པ་དང་། མང་ཚོགས་ཚོར་རོགས་རམ་ཐུབ་པ། མང་ཚོགས་ཚོས་བློས་འགེལ་ཆོག་པ་བཅས་ཡོང་བར་བྱས་པས། རང་ལྗོངས་ཀྱི་གཞི་རིམ་གྱི་ཏང་རྩ་འཛུགས་དེ་ཉིད་སྲ་ཞིང་བརྟན་པའི་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་དངོས་འབྲེལ་འགྱུར་བཞིན་ཡོད་པ་དང་། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འགན་འཁྲི་འཁུར་ཕོད་པར་བྱས་ནས། མང་ཚོགས་ཚོའི་སེམས་ཀྱི་རྟེན་སར་དངོས་འབྲེལ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།