མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ལ་འཁོར་རིགས་བསྐྱོད་ཚད་བསྡོམས་འབོར་ཁྲི་95.13ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་6ཚེས་22ནས་ཟླ་6ཚེས་24ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ལ་འཁོར་རིགས་བསྐྱོད་ཚད་བསྡོམས་འབོར་ཁྲི་95.13ཟིན་པ་དེ་དུས་མཚུངས་ལས་280.04%འཕར་བ་དང་། ཟོག་འཁོར་བསྐྱོད་ཚད་དུས་མཚུངས་ལས་5.23%འཕར་ཡོད། ཤར་བགྲོད་རླངས་འཁོར་ཁྲི་0.29ཤར་བགྲོད་འགན་ལེན་བྱས་པ་དང་། ཤར་བགྲོད་གྲོན་དངུལ་སྒོར་ཁྲི་39.49བླངས་མེད་ཅིང་། ཞིང་ཆེན་ཡོངས་སུ་གཞུང་ལམ་དྲ་བ་སྤྱིར་ན་འཁོར་སྐྱོད་བརྟན་ཞིང་གོ་རིམ་ལྡན་པ་བྱུང་ཡོད།
ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྡེ་ཚན་གྱིས་ཆུ་ཚོད་24ཡི་རིང་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་ལས་རེས་དང་ལས་མིའི་ལས་རེས་ཀྱི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་མྱུར་བགྲོད་གཞུང་ལམ་ལ“ལམ་བཟོ་བ་དང་། ཉེན་རྟོག་པ། ཁེ་ལས་བཅས”མཉམ་འགུལ་མཉམ་སྒྲུབ་ཀྱི་ལས་ཀའི་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ཏེ། ལྟ་སྡོམ་སྐོར་གཡེང་བྱེད་ཚད་མང་དུ་བཏང་བ་དང་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དྲ་བར་སྐྱོད་པའི་རླངས་འཁོར་མང་ཉུང་ལ་བབ་བསྟུན་གྱིས་ལྟ་ཞིབ་ཚད་ལེན་གྱིས་ཐག་ཉེ་སར་ཁ་འགྲེམས་དང་། ཐག་རིང་སར་སྐོར་དུ་འཇུག་པ། ཁག་མང་པོར་བགོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རླངས་འཁོར་མང་བའི་སྐབས་དང་། དུས་ཚོད་ཛ་དྲག་པའི་སྐབས། ལམ་དུམ་གཙོ་བོ། མཚམས་ཚིགས་གལ་ཆེན་བཅས་ལ་ལམ་བཤངས་ནས་ཤར་གཏོང་ཐུབ་པར་བྱས་ཤིང་། མཚོ་སྔོན་གྱི་མྱུར་བགྲོད་ཐད་གཏོང་དང་། འགྲིམ་འགྲུལ་རླུང་འཕྲིན། ལམ་རྒྱུད་འགྱུར་ལྡོག་གནས་ཚུལ་ལེ་ཚན་དང་དེ་བཞིན་LEDབརྙན་ཤེལ་སོགས་གང་ལེགས་སྤྱད་དེ་གནམ་གཤིས་ཀྱི་གནས་ཚུལ་དང་། འགྲིམ་འགྲུལ་བཀག་སྡོམ། ལམ་ངོས་ཀྱི་ཆ་འཕྲིན་སོགས་ཀྱི་གནས་ཚུལ་གནད་ལ་འཁེལ་པོས་གཏོང་སྤེལ་བྱས་ནས་དམངས་ཚོགས་ལུགས་མཐུན་ངང་ཕྱིར་སྐྱོད་ཐུབ་པར་ཁྲིད་སྟོན་བྱས་པ་རེད།