གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་གྲོང་གསེབ་གཞུང་ལམ་ཡིན་པ།
“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། རང་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་གྱི་གཟིགས་སྐྱོང་སྲིད་ཇུས་དང་འདེགས་སྐྱོར་བྱ་ཐབས་རབ་དང་རིམ་པ་གཅིག་མཇུག་གཉིས་མཐུད་ངང་བཏོན་ནས། གྲོང་གསེབ་གཞུང་ལམ་གྱི“ལམ་དཔོན་ལམ་ལུགས”དང་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་དོན་དབང་གཤམ་སྤྲོད་བྱས་པས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན་སོགས་ཕྱོགས་ཁག་གི་ལས་དོན་ཚང་མར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།