དབུ་ཤོག
  • དམངས་འཚོ་དང་འབྲེལ་བ་ཡོད་པའི་བྱ་བཟང་ཞིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-06-30

    ཉེ་ཆར། བོད་ཀྱི་ནུས་རྒྱུའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཐོག་མ་ལྷ་སར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དེའི་ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་4000ཙམ་དང་གློག་གསོག་གློག་སྡོང་འཇོག་སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་100ཙམ་ཟིན་ཡོད་ཅིང་། དེ་ནི་བོད་ཀྱི་སྣུམ་སྣོན་དང་། གློག་གསོག རླངས་འཁོར་འཁྲུ་བ། ཉོ་སྒྲུབ་བཅས་གཞི་གཅིག་ཏུ་འདུས་པའི་ནུས་རྒྱུ་གསར་པའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཐོག་མ་དེ་རེད། ཐད་རྒྱུག་གློག་གསོག་གློག་སྡོང་8བཙུགས་ཡོད་ཅིང་། བེད་སྤྱོད་བྱེད་འགོ་འཚུགས་ཚུན། ཉིན་རེར་ཆ་སྙོམས་རླངས་འཁོར་77ལ་གློག་གསོག་ཐུབ་ཀྱི་ཡོད་པ་དང་ཉིན་རེར་ཆ་སྙོམས་གློག་གསོག་ཚད་ཏུའུ་2000ཙམ་ཟིན་གྱི་ཡོད་པ་རེད། 

    ས་གནས།


    2023ལོའི་ཟླ་4པར། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་དང་བོད་ལྗོངས་ལྷ་སའི་མ་འཇོག་ཐེ་ལའེ་ཏན་གློག་གསོག་དྲ་སྦྲེལ་ཚན་རྩལ་གཉེར་སྐྱོང་ཚད་ཡོད་ཀུང་སིས་འགྲིམ་འགྲུལ་སྒྲིག་བཀོད་དང་། སྣུམ་སྣོན་ས་ཚིགས། གློག་གསོག་ས་ཚིགས། རླངས་འཁོར་འཁྲུ་ས། དངོས་ཟོག་ཉོ་སྒྲུབ་བཅས་ཀྱི་འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བྱས་ནས། “ལྗང་མདོག་དཔལ་འབྱོར་ལ་ཞབས་འདེགས་དང་། ལྗང་མདོག་སྣོད་བཅུད་གཏོད་པ། ལྗང་མདོག་ནུས་རྒྱུ་མཁོ་འདོན”བཅས་བརྗོད་དོན་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་ནུས་རྒྱུའི་ཞབས་ཞུའི་འདུ་ཤེས་བཏོན་པ་དང་། ལྷ་ས་གྲོང་ཁྱེར་འདམ་ར་ཤར་ལམ་གྱི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སྣུམ་སྣོན་ས་ཚིགས་དང་མཉམ་ལས་བྱས་ཏེ། བོད་ཀྱི་ནུས་རྒྱུ་གསར་པའི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་ཐོག་མ་དེ་བཙུགས་པ་མ་ཟད། ཉེ་ཆར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

    མིག་སྔའི་བར། ལྷ་ས་གྲོང་ཁུལ་དུ་གློག་གསོག་ས་ཚིགས་5བསྐྲུན་ཟིན་པ་མ་ཟད། ད་ལོ་སླར་ཡང་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས། སྟོད་ལུང་བདེ་ཆེན་ཆུས་དང་། སྣེའུ་ཁུལ་གསར། གྲོང་ཁྱེར་ཤར་འདབས། གྲོང་ཁྱེར་བྱང་འདབས། གནམ་ཐང་གི་ས་ཁོངས། ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་ཡུལ་སྐོར་ལམ་ཐིག་བཅས་དང་། དེ་བཞིན་མཛེས་ལྗོངས་ཁུལ་ཁག་གཅིག་ཏུ་གློག་གསོག་ས་ཚིགས་10ནས་15བར་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་རེད། མིག་སྔར། གློག་གསོག་ས་ཚིགས་7སྐྲུན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།