དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཐོན་སྐྱེད་བརྟན་པོ་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-29

    ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན། དག་ཐེར་ལ་ཞིབ་ལྟ་བཅས་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ཏེ། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་དང་ཞིང་ལས་དེང་རབས་ཅན་ལ་ཞབས་འདེགས་ཞུས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་འཇུར་མིག་དང་ཞིང་འབྲོག་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”གསལ་ཐོ་ཁག་27གཏན་འཁེལ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དང་དམངས་འཚོའི་བྱ་བ་དངོས་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནགས་ཐང་གྲོང་ཚོར་ལག་ཡོད་བོད་ཕག་མགོ་གྲངས་300ལྷག་ཙམ་བར་མང་དུ་གཏོང་རོགས་བྱས་པ་དང་མང་ཚོགས་ལ་དངུལ་སྒོར་ཁྲི་6ལྷག་ཙམ་བགོ་འགྲེམས་བརྒྱབ་པ། སྔོ་ཚལ་གྱི་སོན་དང་། སྐྱེ་དངོས་ཀྱི་སྐྱེ་ལྡན་ལུད། ནས་སོགས་ཞིང་ལས་ཐོན་ཟོག་ཏུན་60ལྷག་ཙམ་རིན་མེད་ངང་སྤྲད་པ། གྲོང་ཁྱེར་རིམ་པའི་དཔེ་སྟོན་ཁང་103ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་རེ་བ་དང་ལེན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད།

    བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཁྲོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་གནད་དོན་ལ་ཞིབ་ལྟ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་གི་ཡོད།

    ཞིང་ཁ་དང་འབྲོག་ར་སློབ་ཁང་དུ་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་དང་ཚན་རྩལ་ཞབས་འདེགས་ལས་དོན་ཚོགས་ཆུང་ལ་བརྟེན་ནས“རིགས་གཅིག་མཁས་ཅན་དང་། ཚན་རྩལ་མི་སྣ། ཚན་རྩལ་དཔེ་སྟོན་དུད་ཚང་། ཁྱབ་འགྱེད་སྣེ་ཁྲིད་དུད་ཚང་། ཚོད་ལྟའི་དཔེ་སྟོན་རྟེན་གཞི”བཅས་མཉམ་ལས་ཀྱི་ཞབས་འདེགས་ཞུ་སྟངས་ལ་སྐུལ་འདེད་བཏང་བ་དང་། ཚན་རྩལ་མི་སྣ་གཞི་རིམ་དུ་མངགས་ཏེ་གྲོང་གསེབ་ཀྱི་ཚན་རྩལ་ཆེད་མངགས་པ་དང་། ཆེད་ལས་ལག་རྩལ་པ། ཞིང་འབྲོག་པ་བཅས་ལ་ཞིང་ལས་འདེབས་འཛུགས་དང་། སྲོག་ཆགས་ཀྱི་རྒྱུན་མཐོང་ནད་འགོག་བཅོས། དཔལ་འབྱོར་སྐྱེ་དངོས་འདེབས་གསོ་སོགས་ཀྱི་གསོ་སྦྱོང་བྱས་པར་མང་ཚོགས་མི་ཐེངས་1000ལ་ཕན་པ་ཐོབ་པ་དང་ཞིང་འབྲོག་པའི་ཐོན་སྐྱེད་ལག་རྩལ་གྱི་དཀའ་གནད་སེལ་རོགས་བྱས་ནས་འདི་ལོའི་ཞིང་འབྲོག་ལས་ཐོན་སྐྱེད་བརྟན་པོ་དང་ཡོང་འབབ་འཕར་བར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།